མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧོ་ལན་གྱི་རྒྱལ་པོ་ཝེ་ལན་—ཡ་ལི་ཧྲན་ཏ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཧོ་ལན་གྱི་རྒྱལ་པོ་ཝེ་ལན་—ཡ་ལི་ཧྲན་ཏ་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་ཀྲུང་ནན་ཧའེ་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧོ་ལན་གྱི་རྒྱལ་པོ་ཝེ་ལན་—ཡ་ལི་ཧྲན་ཏ་དང་བཙུན་མོ་མཱ་ཁེ་ཤིས་མཱ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་རྒྱལ་པོ་ཝེ་ལན་—ཡ་ལི་ཧྲན་ཏ་དང་བཙུན་མོ་རྣམ་གཉིས་ཀྲུང་གོའི་སྲོལ་རྒྱུན་གྱི་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ཀྲུང་གོར་འཚམས་འདྲི་ཕེབས་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་། 2014ལོར་ངས་ཧོ་ལན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་སྐུ་ཉིད་དང་ལྷན་དུ་ཀྲུང་གོ་དང་ཧོ་ལན་དབར་གྱི་སྒོ་དབྱེ་དོན་གཉེར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་འཕེལ་རྒྱས་ཀྱི་དམིགས་ཚད་དང་འཆར་གཞི་བཀོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ང་ཚོར་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་ཕན་ཚུན་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོར་བརྩི་འཇོག་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ཚོང་དོན་དང་། མ་འཇོག གསར་གཏོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་འགྲོ་འོང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་དང་ཧོ་ལན་དབར་གྱི་འབྲེལ་བ་དེ་འགོ་འཛུགས་ས་གསར་པའི་ཐོག་གནས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད་པས་ལོ་གསར་པའི་ནང་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་དེ་བས་མང་བའི་གཉིས་ཕན་མཉམ་ལས་བྱ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         རྒྱལ་པོ་ཝེ་ལན་—ཡ་ལི་ཧྲན་ཏ་ཡིས་དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་ལོ་གསར་པའི་ནང་ཀྲུང་གོར་གྲུབ་འབྲས་གསར་པ་ཐོབ་པ་དང་ཧོ་ལན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གསར་པ་ཡོང་བའི་སྨོན་འདུན་ཞུས་པ་རེད། ཝེ་ལན་—ཡ་ལི་ཧྲན་ཏ་ཡིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་ངས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཀྲུང་གོའི་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལྡན་ངེས་རེད། ཧོ་ལན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དེས་ཧོ་ལན་ལ་གོ་སྐབས་དེ་བས་མང་བ་ཡོང་རྒྱུ་ཡིན་པར་ཡིད་ཆེས་ཡོད་པས་ཧོ་ལན་ཕྱོགས་ཀྱིས་མཉམ་སྐྲུན་འཕེལ་རིམ་ནང་ཧུར་ཐག་ཞུགས་འདོད་ཡོད་པ་དང་། ཧོ་ལན་ཕྱོགས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་འདོད་ཡོད། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།