མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཚན་བཞི་ཡིས་2018ལོའི་དཔྱིད་རླུང་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན་གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་རྗེས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གཅིག་སྡུད་ཕྱིར་སྐྱོད་ཀྱི་ལས་ཞུགས་རེ་ཞུར་དམིགས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཟླ་2ཚེས་20ནས་ཟླ་3ཚེས་30ཉིན་བར་རྒྱལ་ཡོངས་སུ“2018ལོའི་དཔྱིད་རླུང་བྱ་སྤྱོད”སྤེལ་རྒྱུ་ཡིན་པ་རེད།
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་ལས་ཞུགས་ཞབས་ཞུའི་ཐད་ལས་གནས་གཤམ་སྤྲོད་སོགས་ཀྱི་བྱ་ཐབས་མི་འདྲ་བའི་ས་གནས་ས་ཐོག་གི་གདན་ཞུའི་བྱེད་སྒོ་ཡོད་ལ་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་ལ་བརྟེན་ནས་དྲ་ཐོག་གི་ཞབས་ཞུ་ཡང་ཡོད་པ་དང་། གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཕ་ཡུལ་དུ་ལོག་ནས་གཤམ་སྐྱོད་ལས་གཏོད་ལ་སྣེ་ཁྲིད་ཀྱིས་ལས་གཏོད་ཞབས་ཞུ་དང་ལས་གཏོད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ། ལག་རྩལ་གསོ་སྦྱོང་ཐད་གྲོང་གསེབ་ཀྱི“གཉིས་ལུས་སློབ་མ”གསོ་སྦྱོང་བྱེད་སྒོར་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་ཆབས་ཅིག་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་ཆེད་ལས་དང་སློབ་ཚན་གསར་འཛུགས་དང་འཆར་འགོད་བྱས་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལ་ལས་ཞུགས་དང་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རོགས་བྱེད་པ། ཁེ་དབང་སྲུང་སྐྱོང་ཐད་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་། ཉེན་ཁ་དོགས་ཟོན་གྱི་འདུ་ཤེས། ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་བཅས་གཙོ་གནད་ཐོག་མཐོ་རུ་གཏོང་བ་དང་ཆབས་ཅིག་མི་སྤྱོད་ཚན་པས་ལས་མི་བེད་སྤྱོད་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། གཞན་ཡང་ལས་ཞུགས་དབུལ་སྐྱོར་ལ་མུ་མཐུད་དམིགས་ཏེ་ངལ་ནུས་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཙོ་གནད་ཐོག་མཛུབ་ཁྲིད་དང་རོགས་རམ་བྱས་ནས་ངལ་རྩོལ་ནུས་ཤུགས་ཞན་པོ་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་དང་གོ་རིམ་ལྡན་པའི་ངང་ཕྱིར་གླ་པར་སྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
          འགན་འཁུར་བ་དེས་དེ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལོ་14བསྟུད་མར་དཔྱིད་རླུང་བྱ་སྤྱོད་སྤེལ་བ་ཞིག་རེད། བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་འབབ་འཕར་དབུལ་སྒྲོལ་ལ་རམ་འདེགས་བྱ་རྒྱུ”དེ་ཡིན་པ་དང་། ཞབས་ཞུ་བྱ་ཡུལ་ནི་ལས་ཞུགས་དང་ལས་གཏོད་བྱེད་འདོད་ཡོད་པའི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་། གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་ཞན་པོ། ལས་མི་བེད་སྤྱོད་ཀྱི་དགོས་མཁོ་ཡོད་པའི་མི་སྤྱོད་ཚན་པ་བཅས་རེད་ཅེས་བཤད།