མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་དོན་རྐྱེན་ཐད་ཨུ་རུ་སུའི་ཙུང་ཐུང་
ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་14ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་དོན་རྐྱེན་ཐད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
          ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་སྐུ་ཉིད་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུངས་ནས་འགྲུལ་པ་ཡོངས་དང་གནམ་གྲུའི་ནང་གི་ལས་དོན་པ་ཚང་མ་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་འབྲེལ་རང་ཉིད་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མི་ཚང་མར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མིའི་ནང་མིར་གདུང་སེམས་མཉམ་སྐྱེ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
       དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཕུའུ་ལ་འཚམས་འདྲིའི་འཕྲིན་ཡིག་བཏང་གནང་བ་རེད།