མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལོ་ལྔའི་རིང་གི་ཚོགས་ཆེན་གཉིས་སྐབས་ཞི་ཅིན་ཕིང་གི་གསུང་འདི་དག་ནི་དུས་ཡུན་རིང་པོ་
ཇི་ལྟར་སོང་ནའང་སྐྱེ་སྟོབས་དང་རིན་ཐང་དེ་ཙམ་ཆེ་བ་ལྡན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལོ་ལྔའི་རིང་གི་ཚོགས་ཆེན་གཉིས་སྐབས་ཞི་ཅིན་ཕིང་གི་གསུང་འདི་དག་ནི་དུས་ཡུན་རིང་པོ་
ཇི་ལྟར་སོང་ནའང་སྐྱེ་སྟོབས་དང་རིན་ཐང་དེ་ཙམ་ཆེ་བ་ལྡན་པ།

          མི་དམངས་དྲ་བའི་འཕྲིན། 2013ལོ་ནས་བཟུང་། ཞི་ཅིན་ཕིང་ནི་རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་ཐེངས་ལྔ་ལ་ཞུགས་གནང་བ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཐོག་ནས་བརྗོད་ན། ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་པ་ནི་རང་འབབ་འགན་འཁྲི་སྒྲུབ་པ་ཡིན་མོད། འོན་ཀྱང་། ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་པ་ཡིན་པའི་ཐོག་ནས་བརྗོད་ན། རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཁོང་གིས་ལས་ཀ་དམ་འཛིན་དང་། གནས་ཚུལ་ཤེས་རྟོགས། ལས་དོན་བཀོད་སྒྲིག་བཅས་གནང་བའི་ལས་སྟེགས་གལ་ཆེན་ཞིག་རེད། ལོ་ལྔའི་ཚོགས་ཆེན་གཉིས་ཀྱི་རིང་ལ། ཞི་ཅིན་ཕིང"འཐུས་མི་ཚོགས་པ་དང་ཚོགས་ཆུང"དུ་ཐེངས་30ཕེབས་ནས་སྒྱུར་བཅོས་གླེང་བ་དང་། ཏང་ལེགས་སྐྱོང་དམ་འཛིན། དཔལ་འབྱོར་རྟོག་ཞིབ། དམངས་འཚོ་འདྲི་རྩད། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་དང་མི་རིགས་མཐུན་སྒྲིལ་བརྗོད་པ་སོགས་རྒྱས་བཤད་གནད་ལ་འཕིགས་པ་མང་པོ་གནང་ཡོད་ཅིང་། ད་ལྟ་གསུང་འདི་དག་ཀློག་ན་ཡང་། སྔར་བཞིན་དུས་ཡུན་རིང་པོ་ཇི་ལྟར་སོང་ནའང་སྐྱེ་སྟོབས་དང་རིན་ཐང་དེ་ཙམ་ཆེན་པོ་ལྡན་པའི་ཚོར་སྣང་གསར་པ་སྐྱེ་བ་རེད།
          ༡  རང་རྒྱལ་གྱི་དཔལ་འབྱོར་དེ་འགག་སྒྲོལ་དང་གཏིང་ཟབ་ཀྱི་ཕྱོགས་སུ་སླེབས་པས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཡིན་ཆེས་བརྟན་པོ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་བ། གཅིག་གྱུར་འཆར་འགོད་བྱེད་པ། ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
                        ——2013ལོའི་ཟླ་3ཚེས་5ཉིན། ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ནན་བཤད་གནང་བ།
         ༢  རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་སྤྱོད་ཚུལ་ཡག་པོ་འཛུགས་པ་དང་དར་སྤེལ་གཏོང་བའི་ཐད་རང་གཅུན་ནན་པོ་བྱེད་པ་དང་། དབང་ཆ་ནན་པོ་སྤྱོད་པ། རང་འདོམས་ནན་པོ་བྱེད་པ། དོན་གཉེར་ཏན་ཏིག བྱ་གཞག་གསར་གཏོད་ཏན་ཏིག མི་དྲང་པོ་ཞིག་བྱེད་པ་བཅས་བྱ་དགོས།
                         ——2014ལོའི་ཟླ་3ཚེས་9ཉིན། ཨན་ཧུའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ནན་བཤད་གནང་བ།
          ༣  རྒྱལ་སྲུང་དང་དཔུང་སྡེ་འཛུགས་སྐྱོང་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་། གྲུབ་ཆའི་རང་བཞིན་གྱི་འགལ་ཟླ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ཐག་གཅོད་བྱས་ཏེ་དཔུང་སྡེ་གྲུབ་ཚུལ་གྱི་རྣམ་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས།
                         ——2014ལོའི་ཟླ་3ཚེས་11ཉིན། མི་དམངས་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱི་ཚོགས་འདུར་ཞུགས་སྐབས་ནན་བཤད་གནང་བ།
         ༤  ཁོར་ཡུག་ནི་དམངས་འཚོ་རེད། རི་ཀླུང་སྔོན་པོ་ནི་མཛེས་སྡུག་རེད། དགུང་ཨ་སྔོན་ནི་བདེ་སྐྱིད་རེད།
                       ——2015ལོའི་ཟླ་3ཚེས་6ཉིན། ཅང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་སྐབས་ནན་བཤད་གནང་བ།
         ༥  ཕྱོགས་ཁག་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་ཞིག་ཡོད་དགོས། ཆབ་སྲིད་ཀྱི་སྣོད་བཅུད་ལ་སྦགས་བཙོག་ཕོག་ཚེ་སྲིད་སྐྱོང་གི་ཁོར་ཡུག་ཞན་དུ་འགྲོ་སྲིད། ཆབ་སྲིད་ཀྱི་སྣོད་བཅུད་དྭངས་གསལ་ཞིག་བྱུང་ཚེ་སྲིད་སྐྱོང་གི་ཁོར་ཡུག་ལེགས་སུ་འགྲོ་ཐུབ།
                       ——2015ལོའི་ཟླ་3ཚེས་9ཉིན། ཅི་ལིན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ནན་བཤད་གནང་བ།
         ༦  སྲིད་འཛིན་བཟོ་ཚོང་གི་འབྲེལ་བ་གསར་པ་ཞེས་པ་ནི་མདོར་བསྡུར་ནས་བརྗོད་ན"ལྷག་བསམ་རྣམ་དག"དང"སྤྱོད་གཙང"ཡིག་འབྲུ་གཉིས་ལས་མཚོན་གྱི་ཡོད།
                        ——2016ལོའི་ཟླ་3ཚེས་4ཉིན། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་ནན་བཤད་གནང་བ།
          ༧  ངོགས་གཉིས་ཀྱི་སྤུན་ཟླ་ནི་ལས་དབང་གཅིག་མཐུན་དང་ཤ་རུས་འབྲེལ་བའི་གཅེན་གཅུང་ལྟ་བུ་དང་བརྩེ་དུང་ཟབ་པའི་ཁྱིམ་ཚང་གཅིག་ལྟ་བུ་རེད།
                       ——2016ལོའི་ཟླ་3ཚེས་5ཉིན། ཧྲང་ཧའེ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ནན་བཤད་གནང་བ།
         ༨  དཔལ་འབྱོར་འཕེལ་རྒྱས་དུས་གང་ཞིག་ཏུ་སླེབས་རུང་དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་འགྲན་རྩོད་ཁྲོད་རང་འགུལ་དབང་ཆ་ཐོབ་ཐབས་བྱེད་པའི་རྩ་བ་ཞིག་རེད།
                       ——2017ལོའི་ཟླ་3ཚེས་7ཉིན། ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ནན་བཤད་གནང་བ།
          ༩  དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་སློང་དང་རོགས་སྐྱོར་བྱེད་ཐབས་ལེགས་བཅོས་བཅས་བྱེད་དགོས་པ་དང་། སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། ཇི་ལྟར་བྱས་ནས་རོགས་སྐྱོར་བྱེད་པ། ཇི་ལྟར་བྱས་ནས་ཕྱིར་འཐེན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་གནད་སྨིན་ཡོང་བ་བྱེད་དགོས་པ། ལ་ལར་དེ་བས་གནད་འཁེལ་ཞིབ་ཚགས་ཡོང་བ་བྱེད་དགོས་ཀྱི་ཡོད།
                       ——2017ལོའི་ཟླ་3ཚེས་8ཉིན། སི་ཁྲོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ནན་བཤད་གནང་བ།
         ༡༠  རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་སེ་འབྲུའི་འབྲུ་གུ་བཞིན་རྡོག་གཅིག་ཏུ་སྒྲིལ་དགོས།
                       ——2017ལོའི་ཟླ་3ཚེས་8ཉིན། ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་ནན་བཤད་གནང་བ།