མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུས་འབྲི་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་གྱོད་གཞི་45སྒོ་བྱང་
བཀལ་ནས་སྒྲུབ་སྐུལ་བྱ་རྒྱུའི་ཐག་བཅད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྤྱི་བདེ་པུས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། ཁོར་ཡུག་སྲུང་སྐྱོང་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་དང་མཉམ་དུ་པེ་ཅིང་དུ་ཚོགས་འདུ་འཚོགས་ནས་འབྲི་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་ཁྲིམས་འགལ་ཉེས་གསོག་པར་གཅིག་སྡུད་ཐོག་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་དང་སྤྱི་བདེ་པུས་ཉེ་དུས་ཨན་ཧུའེ་དང་ཀྲེ་ཅང་སོགས་ས་གནས་སུ་གྱོད་དོན་ཐོ་འགོད་ཐོག་མྱུལ་ཞིབ་བྱེད་པའི་གྱོད་གཞི་45ཚང་མ་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱ་རྒྱུའི་ཐག་བཅད་པ་རེད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲི་ཆུར་སྦགས་བཙོག་བཟོ་མཁན་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་ཁུངས་སྣེ་ཕྱོགས་ཡོངས་ནས་གྲལ་བཤེར་དང་གྱོད་རྩད་ཆོད་པའི་འགག་སྒྲོལ་ཤུགས་ཆེན་ཐུབ་པ་བྱ་རྒྱུ་རེད། ད་ཡོད་ཀྱི་གྱོད་གཞི་མྱུལ་ཞིབ་བྱེད་པའི་ནང་གྱོད་གཞི་རྙིང་པ་འཚོལ་ཞིབ་བྱ་རྒྱུར་སྣང་ཆེན་བྱས་ཏེ་ཉེས་གསོག་ཚོགས་པའི་ཁྲིམས་འགལ་ཉེས་གསོག་གི་གནས་ཚུལ་ཞིབ་བཤེར་གསལ་རྟོགས་ཡོང་བ་བྱས་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་། གསར་དུ་ཐོན་པའི་གྱོད་གཞི་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་དང་མྱུར་ཞིབ་དང་གྱོད་རྩད་མགྱོགས་མྱུར་ཆོད་པ་བྱ་རྒྱུ་རེད། གྱོད་གཞི་གལ་ཆེན་དང་ལྷག་པར་དུ་ཚོགས་པའི་རང་བཞིན་དང་། མུ་འབྲེལ་རང་བཞིན། ས་ཁོངས་སྒྲོལ་བ་བཅས་ཀྱི་སྙིགས་རོ་ཐག་གཅོད་གྱོད་གཞིའི་རིགས་ལ་ཆེད་དམིགས་གྱོད་གཞི་གཉེར་སྐྱོང་བྱེད་པ་དང་འཚོལ་ཞིབ་གཏིང་ཟབ་ཀྱིས་ལྷུ་ཚིགས་ཧྲིལ་པོར་མྱུལ་ཞིབ་དང་སྒྲུབ་གཉེར་གྱིས་ཉེས་གསོག་དྲ་རྒྱ་མཐའ་གཅིག་ཏུ་མེད་པ་བཟོ་བ་དང་ཁེ་ཕན་གྱི་སྦྲེལ་ཐག་གཅོད་དགོས། ཕྱོགས་མང་པོའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་འགོག་རྐྱེན་ཆེན་པོ་བཟོ་བའི་ཁྲིམས་འགལ་གྱི་བཙོག་འབུད་གྱོད་གཞིའི་རིགས་ལ་ཕྱོགས་བསྡུས་ཐོག་རིམ་པ་སྤར་ནས་མྱུལ་ཞིབ་བྱེད་པ་དང་ས་གནས་གཞན་དུ་ཉེན་རྟོག་པ་སྤྱོད་པ་སོགས་བྱེད་ཐབས་སྤྱད་དེ་རྡུང་རྡེག་དམིགས་སར་འཁྱོལ་ཐུབ་པ་བྱེད་དགོས། སྦགས་བཙོག་གི་མཇུག་འབྲས་ཚབས་ཆེ་བ་དང་སྤྱི་ཚོགས་ཐོག་དོ་ཁུར་རྒྱ་ཁྱབ་ངང་ཐོབ་པའི་གྱོད་གཞི་གལ་ཆེན་རིགས་ལ་པུའུ་དང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མདུན་བཅར་བཀོད་འདོམས་བྱས་ཏེ་ལེགས་ཆའི་སྟོབས་ཤུགས་སྤྱི་འདོམས་ཀྱིས་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱས་ནས་ཉེས་རྩད་ཆོད་པ་བྱེད་དགོས།