མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུའུ་དང་དབུལ་སྐྱོར་གཞུང་དོན་ཁང་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་སློབ་གསོའི་
དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི་(2018ལོ་ནས་2020ལོ་བར་)》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་ལ་དམིགས་ནས་དཀའ་ཚེགས་ཆེ་ཤོས་འགག་སྒྲོལ་དང་ཉམས་ཞན་ཤོས་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་གསུམ་ནང་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་སྡུད་ཡུག་འབྲེལ་གྱི་ཆེས་དབུལ་ཕོངས་ས་ཁུལ་དང་། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་དབུལ་ཕོངས་ཀྱི་གནད་དོན་མངོན་གསལ་དོད་པས་འགག་སྒྲོལ་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། བོད་ལྗོངས་དང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཀྲོའུ་བཞི། སི་ཁྲོན་ལེའང་ཧྲན་ཀྲོའུ། ཡུན་ནན་གྱི་རྒྱལ་མོ་རྔུལ་ཆུ་ཀྲོའུ། ཀན་སུའུ་ཡི་ལིན་ཞ་ཀྲོའུ་(གཤམ་དུ“ས་ཁུལ་གསུམ་དང་ཀྲོའུ་གསུམ”ཞེས་བསྡུ་རྒྱུ་)བཅས་དང་དེ་བཞིན་དབུལ་པོ་ཐོན་ཚད་18%ལས་བརྒལ་བའི་རྫོང་དབུལ་པོ་དང་དབུལ་པོ་ཐོན་ཚད་20%ལས་བརྒལ་བའི་གྲོང་ཚོ་དབུལ་པོའི་རང་བྱུང་ཆ་རྐྱེན་ཞན་པ་དང་། དཔལ་འབྱོར་གྱི་རྨང་གཞི་ཞན་པ། དབུལ་ཚད་ཟབ་པ་བཅས་ཀྱི་ཞན་ཆ་དེ་དག་གསབ་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ཐབས་ཇུས་ཤིག་རེད།
         《ཇུས་གཞི་》གཞིར་བཟུང་། 2020ལོར་སླེབས་སྐབས“ས་ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་སློབ་གསོ་སྤྱི་ཡོངས་འཕེལ་རྒྱས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སློབ་གསོའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་རེད། སློབ་གསོའི་དུས་མཚམས་ཁག་གི་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་སློབ་ཞུགས་བྱེད་པ་ནས་སློབ་གྲྭ་ཐོན་པའི་བར་ཚང་མར་སློབ་སྐྱོར་ཐོབ་པའི་འགན་ལེན་དང་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་ཚང་མ་སློབ་ཞུགས་ཐུབ་པའི་འགན་ལེན་བྱས་ཏེ་སློབ་མ་གཅིག་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་དབང་གིས་སློབ་ཤོར་མི་ཡོང་བ་བྱེད་པ། ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་དེ་བས་མང་པོར་དེ་བས་ལེགས་པ་དང་དེ་བས་རིམ་པ་མཐོ་བའི་སློབ་གསོ་ཐོབ་པ་དང་ལས་རིགས་སློབ་གསོ་དང་། མཐོ་རིམ་སློབ་གསོའམ་ཡང་ན་ལས་རིགས་གསོ་སྦྱོང་བརྒྱུད་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པའི་གོ་སྐབས་ཐོབ་པ་བྱས་ཏེ་སློབ་གསོས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 《ཇུས་གཞིས་》ལས་དོན་ཁག་བཞིར་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་སྟེ། གཅིག་ནས་སློབ་གསོའི་དབུལ་སྐྱོར་རྩིས་ཐོ་གནད་འཁེལ་ངང་བཟོ་རྒྱུ་ཡིན་ཞིང་། “ས་ཁུལ་གསུམ་དང་ཀྲོའུ་གསུམ”གྱི་སློབ་གསོའི་དབུལ་སྐྱོར་ལས་དོན་རྩིས་ཐོའི་ནང་བཅུག་ནས་དོ་དམ་བྱ་རྒྱུ་རེད། སློབ་གསོའི་རྩིས་ཐོ་དེས་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་ཚང་མའི་སློབ་ཞུགས་དང་ཁོང་ཚོའི་སློབ་སྐྱོར་རོགས་དངུལ་གྱི་དགོས་མཁོ་གནད་ལ་འཁེལ་པོས་རྟོགས་པ་དང་། མ་དངུལ་བཏང་བའི་རྩིས་ཐོ་དེས་ཀྲུང་དབྱང་དང་ས་གནས་སོགས་ཀྱིས་སློབ་གསོར་མ་དངུལ་བཏང་བའི་གནས་ཚུལ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ། རོགས་སྐྱོར་གྱི་རྩིས་ཐོ་དེས་ཤར་རྒྱུད་ཞིང་ཆེན་དང་། གཞུང་ཁོངས་ཁེ་ལས། སློབ་གྲྭ སྤྱི་ཚོགས་ཀྱི་སྟོབས་ཤུགས་སོགས་སློབ་གསོའི་ཁ་གཏད་རོགས་སྐྱོར་གྱི་སྒུལ་རྣམ་གནད་ལ་འཁེལ་པོས་མཐིལ་རྟོགས་ཐུབ་པ་བཅས་བྱ་རྒྱུ་རེད། གཉིས་ནས་སློབ་གསོའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། འོས་འགན་སློབ་གསོ་འགན་ལེན་བྱ་རྒྱུ་དེ་སྲོག་ཤིང་དུ་བྱས་ནས་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་བ་བརྒྱུད་རྨང་གཞི་བརྟན་དུ་གཏོང་བ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བ་བརྒྱུད་བགྲོད་ལམ་རྒྱ་སྐྱེད་དུ་གཏོང་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བརྒྱུད་སྤུས་ཚད་འགན་ལེན་བྱེད་པ། རོགས་དངུལ་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་བརྒྱུད་དབུལ་ཕོངས་དབང་གིས་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་མི་ཐོན་པ་བཅས་བྱ་རྒྱུ་རེད། གསུམ་ནས་སྤྱི་སྐད་ཁྱབ་གདལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། རྣམ་པ་སྣ་ཚོགས་བརྒྱུད་གྲངས་ཉུང་མི་རིགས་ཀྱི་ན་གཞོན་ཞིང་འབྲོག་པའི་སྤྱི་སྐད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་དང་སྤྱི་སྐད་ཁྱབ་གདལ་ལ་མཉམ་དུ་སྐུལ་འདེད་བཏང་ནས་སྐད་བརྡ་མི་འཕྲོད་པའི་དབང་གིས་ལས་ཞུགས་དང་ལས་གཏོད་བྱེད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། བཞི་ནས་ཐབས་ལམ་མང་པོ་བརྒྱུད་སློབ་གསོའི་དབུལ་སྐྱོར་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མ་དངུལ་གཏོང་བའི་སྲིད་གཞུང་གི་བྱེད་པོའི་ནུས་པ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་དབྱང་གི་འབྲེལ་ཡོད་སློབ་གསོའི་གཏོང་སྤྲོད་སྤོ་སྒྱུར་གྱི་གསོག་དངུལ་གྱིས་སྔོན་ལ་འགན་ལེན་བྱེད་པ་དང་མ་དངུལ་འཕར་མ“ས་ཁུལ་གསུམ་དང་ཀྲོའུ་གསུམ”གྱི་སློབ་གསོ་འཕེལ་རྒྱས་དང་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོའི་སློབ་གྲྭར་སྐྱོད་འདོད་ཀྱི་དགོས་མཁོ་སྐོང་བའི་ཐད་མང་ཙམ་སྤྱོད་རྒྱུ་རེད།
         ཉིན་ཤས་གོང་སློབ་གསོ་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་བཅས་ཀྱིས་《སྤྱི་སྐད་ཁྱབ་གདལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་(2018ལོ་ནས་2020ལོ་བར་)》པར་འགྲེམས་བྱས་ཏེ་2020ལོར་སླེབས་སྐབས་ཁྱིམ་ཚང་དབུལ་པོའི་ངལ་ནུས་མི་འབོར་གསར་པ་ཡོངས་ལ་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ངང་སྤྱོད་པའི་སྐད་ཡིག་གོ་བརྡ་འཕྲོད་པ་དང་བེད་སྤྱོད་ཐུབ་པའི་ནུས་པ་ལྡན་པ་དང་། ད་ལྟའི་ས་ཁུལ་དབུལ་པོའི་ན་གཞོན་ངལ་ནུས་ལ་སྤྱི་སྐད་ཐོག་ནས་སྤེལ་རེས་བྱེད་པའི་ནུས་པ་གཞི་རྩའི་ཆ་ནས་ལྡན་པ། ས་གནས་དེ་གར་སྤྱི་སྐད་ཁྱབ་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་བ། སྤྱི་སྐད་ཐོག་ནས་སྤེལ་རེས་བྱེད་པའི་སྐད་ཡིག་གི་ཁོར་ཡུག་རགས་ཙམ་ཆགས་པ་བཅས་བྱ་རྒྱུ་རེད།