མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་《དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་
ལམ་ལུགས་སྐོར་གྱི་སློབ་སྦྱོང་ཀློག་དེབ་》དམག་ཡོངས་ལ་པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ་རྩོམ་འབྲི་བྱས་པའི་《དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་སྐོར་གྱི་སློབ་སྦྱོང་ཀློག་དེབ་》ཉེ་ཆར་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཏེ་དམག་ཡོངས་ལ་པར་འགྲེམས་བྱས་པ་རེད།
         《ཀློག་དེབ་》ལ་ཁྱོན་དོན་ཚན་8ཡོད་ཅིང་། ཕྱོགས་ཡོངས་ནས་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་གཏིང་ཟབ་བསྟར་རྒྱུའི་དོན་སྙིང་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་འབྱུང་རིམ་དང་། ནང་དོན་གཙོ་བོ། ཁྱད་འཕགས་ལེགས་ཆ་བཅས་ལ་འགྲེལ་བཤད་བརྒྱབ་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་གཏིང་ཟབ་བསྟར་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགན་ལེན་དང་། ལག་ལེན་གྱི་བླང་བྱ། འགན་འཁྲི་དོན་འཁྱོལ་སོགས་ཀྱི་གཞི་རྩའི་གནད་དོན་གསལ་འགྲེལ་བརྒྱབ་ཡོད། དེ་ནི་ཀྲུང་དབྱང་དམག་ཨུད་ཀྱི་《དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་གཏིང་ཟབ་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལྷན་ཐབས་ཀློག་དེབ་ཅིག་ཡིན་ལ་རིམ་པ་ཁག་གིས་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་རྨང་གཞིའི་བསླབ་གཞི་ཞིག་ཀྱང་ཡིན་པ་རེད།