མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོས་
གྲ་སྒྲིག་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་ཚེས་2ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད།
         ཚོགས་འདུ་དེ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པ་སོགས་ཀྱི་བྱེད་སྟངས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་གཙོ་སྐྱོང་བ། དྲུང་ཆེ་བཅས་ཀྱི་མཚན་ཐོ་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་དང་། ཉིན་རེའི་གྲོས་རིམ། དེ་བཞིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚན་ཐོ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་གྲོས་རིམ་ཁག་གསུམ་ལེགས་གྲུབ་བྱུང་རྗེས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་གཙོ་སྐྱོང་བ་དབང་དབྱང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ཏེ་དེ་གར་བཞུགས་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་ལ་གུས་འདུད་ཞུས་ནས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཐུགས་སྣང་གཤིན་པོའི་ངང་ཕྱག་བཏང་གནང་བ་དང་ཆབས་ཅིག་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རེ་རེ་དང་ཡང་ཕྱག་བཏང་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་མཇུག་འགྲིལ་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འཚོག་ཉེའི་མཚམས་སུ་ངས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་ཞུས་ནས་སྐབས་གསར་པའི་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་ཐུགས་གྲ་ལེགས་སྒྲིག་ཡོང་བར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་སྐབས་གསར་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པའི་འོག་སྔ་མཐུད་ཕྱི་སྐྱོང་དང་། སྔ་འཛིན་ཕྱི་གཏོད་བྱས་ནས་དུས་རབས་གསར་པར་ལག་གདང་སྦྲེལ་ཏེ་འོད་སྟོང་འཕྲོ་བའི་ལེའུ་བཏོད་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུའི་སྨོན་འདུན་བཟང་པོ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ཞེས་གསུངས།
         སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཧན་ཆི་ཏེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ལིན་ཝུན་དབྱི། ལུའོ་ཧྥུའུ་ཧོ། ཧོ་ཧོའུ་ཧྭ། ཀྲང་ཆིང་ལི། ལི་ཧའེ་ཧྥུང་། ཁྲེན་ཡོན། ལུའུ་ཀྲེན་ཀུང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཝང་ཀྲེང་ཝུའེ། མཱ་པེའོ། ཆི་ཤུས་ཁྲུན། ཁྲེན་ཞའོ་ཀོང་། མ་ཕེ་ཧྭ། ལིའུ་ཞའོ་ཧྥུང་། ཝང་ཆིན་མའེ། ལེང་ཀྲེན་དབྱིན་བཅས་ཚོགས་འདུར་ཕེབས་ཡོད།