མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"ནོར་སྲིད་ཆུང་ངུས་དམངས་འཚོའི་དོན་ཆེན་བསྒྲུབས"མི་སེར་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་སྒོ་འབྱེད་ཉིན་མོའི་ཟུར་བྲིས། 
           ཟླ་3ཚེས་7ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་སྨྱན་སྦྱོར་ལ་སྒོ་འབྱེད་ཉིན་མོའི་ཐོག འཐུས་མི་ཚོས་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་ཤས་རིང་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་དང་། མང་ཚོགས་སྣེ་འཁྲིད་དེ་དབུལ་ཞྭ་ཕུད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་བཅས་ལས་མི་སེར་གྱི་འཚོ་བར་དངོས་འབྲེལ་འགྱུར་ལྡོག་བྱུང་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་གསུངས།
        མགོ་ལོག་ཀྲོའུ་མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པས་དེ་ནི་དཔེ་མཚོན་གྱི་ས་མཐོ་ལ་གསོ་རླུང་མི་འདང་བའི་ཁུལ་ཞིག་ཡིན་པ་དང་། གནས་དེའི་མི་འབོར་ཁྲོད་བོད་རིགས་མང་ཚོགས་ཀྱིས་90%ཡན་བཟུང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་པད་རྒྱལ་བཀྲ་ཤིས་ཀྱིས་མགོ་ལོག་ཀྲོའུ་ཡིས་དཔལ་འབྱོར་འཕེལ་རྒྱས་འགོར་བའི་དོན་དངོས་ལ་ཕྱོགས་ནས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་འཚོ་བའི་ཆ་རྐྱེན་གཙོ་གནད་ཐོག་ལེགས་སུ་བཏང་བ་དང་། ཤང་གྲོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ། སྒོར་དུང་ཕྱུར་32བཏང་ནས་གློག་དྲ་ཆེན་པོ་ཀྲོའུ་དེ་ཡོངས་ཀྱི་རྫོང་དྲུག་ཚང་མར་ཁྱབ་པ་བྱས་པ། སྒོར་དུང་ཕྱུར་18བཏང་ནས་འབྲོག་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ་དང་འབྲེལ་སྨན་བཅོས་སྒྱུར་བཅོས་བརྒྱུད་འབྲོག་པ་མང་ཚོགས་ཀྱི་ནད་བསྟེན་དཀའ་བ་དང་། སྨན་རིན་མཐོ་བ། ལམ་ཐག་རིང་བ་བཅས་ཀྱི་གནས་ཚུལ་ལ་སྔར་ན་བྱུང་མྱོང་མེད་པའི་ལེགས་བཅོས་བྱུང་ཡོད་ཅེས་གསུངས།
         མགོ་ལོག་ཀྲོའུ་ཡི་དམངས་འཚོའི་གྲུབ་འབྲས་ཀྱི་རྒྱབ་ཏུ་མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྟར་ནོར་ཤུགས་ནས་75%ཡན་དམངས་འཚོའི་བྱ་གཞག་ལ་བཏང་བ་དང་ནོར་སྲིད་ཆུང་ངུས་དམངས་འཚོའི་དོན་ཆེན་བསྒྲུབས་པའི་སྲིད་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་བྱས་པ་མངོན་ཡོད།

—— ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས“གཞི་རྩ་གཉིས”ཀྱི་འགག་སྒྲོལ་ལེགས་གྲུབ་བྱས་ཤིང་། མིག་སྔར་བོད་རིགས་ས་ཁུལ་གྱི་སློབ་མ་ཚང་མ་དང་ཟི་ལིང་དང་མཚོ་ཤར་གྱི་དུད་ཚང་དབུལ་པོའི་སློབ་མར་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ཐོབ་པ་དང་། སློབ་ཞུགས་གོང་གི་ལོ་3གྱི་ན་འདྲེས་སློབ་ཞུགས་བྱེད་ཚད་80.7%ཟིན་པ། ཡུལ་གཞན་དུ་སློབ་གཉེར་གྱི་གཞི་ཁྱོན་རིམ་པ་རྒྱ་ཆེར་ཕྱིན་པ་བཅས་བྱུང་ཡོད།
        —— ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་ནས་མི་སེར་གྱི་ཡོང་འབབ་མང་དུ་བཏང་ཞིང་། ལས་ཞུགས་གདན་ཞུའི་མཉམ་འགུལ་དང་། རོགས་སྐྱོར་བྱེད་སྒོ ཆེད་དོན་བྱ་སྤྱོད་བཅས་ཧུར་ཐག་སྤེལ་བ་བརྒྱུད་མཚོ་སྔོན་དུ་ལོ་ལྟར་ཆ་སྙོམས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་5.76ལས་ཞུགས་ཐུབ་པ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་བྱེད་ཚད་མི་ཐེངས་ཁྲི་110ལས་བརྒལ་ཡོད།
        —— གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ཞིང་འབྲོག་པའི་ཉེན་ཁང་དང་ཁང་པ་རྙིང་པ་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ནས་གྲོང་མིར་སྡོད་སའི་ཁང་པ་ཡོད་པ་བྱས་ཤིང་། མཚོ་སྔོན་གྱིས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དངུལ་ལོར་ཅན་གྱི་བཀོད་སྒྲིག་དང་འགན་སྲུང་ཁང་པ་ཚབ་སྐྲུན་གྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་རིམ་རྩིས་བྱས་ན་རིགས་འདྲ་མིན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་ཁྱོན་ཁྲི་36.6འཛུགས་སྐྲུན་དང་ཞིང་འབྲོག་ཁུལ་གྱི་རིགས་འདྲ་མིན་གྱི་སྡོད་ཁང་ཁྲི་38.5གསར་སྐྲུན་བྱས་པར་ཞིང་འབྲོག་པ་ཁྲི་147ལ་ཐད་ཀར་ཕན་པ་ཐོབ་ཡོད།
        པད་རྒྱལ་བཀྲ་ཤིས་ཀྱིས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ལས་རྒྱ་ཆེའི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཕན་པ་ཐོབ་ཡོད། ང་ཚོ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མུ་མཐུད་འབད་འབུངས་མདུན་སྐྱོད་བྱས་ཏེ་དམ་པ་དོན་གཉེར་གྱི་ལག་ཟུང་ལ་བརྟེན་ནས་དུས་རབས་གསར་པའི་བདེ་སྐྱིད་ཀྱི་འཚོ་བ་གཏོད་རྒྱུ་ཡིན་ཞེས་གསུངས།