མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡར་ས་ཡོམ་དྲག་པོ་བརྒྱབ་པར་ཕ་ཕུ་ཡ་ཀུའེ་ནེ་ཡའི་ཙུང་
ཏུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡར་ས་ཡོམ་དྲག་པོ་བརྒྱབ་པར་ཕ་ཕུ་ཡ་ཀུའེ་ནེ་ཡའི་ཙུང་ཏུའུ་པའོ་པོ·ཏ་ཏ་ཨའེ་ལ་གློག་འཕྲིན་བཏང་ནས་སེམས་གསོའི་འཚམས་འདྲི་ཞུས་པ་རེད།
         ཞི་ཅིན་ཕིང་གི་འཚམས་འདྲིའི་གློག་འཕྲིན་ནང་། ཁྱེད་ཚོའི་རྒྱལ་ཁབ་ཀྱི་དབུས་རྒྱུད་ས་ཁུལ་དུ་ས་ཡོམ་དྲག་པོ་བསྟུད་མར་བརྒྱབ་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པར་ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་དང་རང་ཉིད་མི་སྒེར་གྱི་མིང་ཐོག་ནས་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་མི་ཚོར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མིའི་ནང་མི་དང་རྨས་མ་ཚོར་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་ཚོའི་རྒྱལ་ཁབ་ཀྱི་མིག་སྔའི་གནས་བབ་དེར་ཀྲུང་གོ་མི་དམངས་ལ་གཞན་སྡུག་རང་མྱོང་གི་བསམ་ཚུལ་ཞིག་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡར་ནུས་པས་གང་ལྕོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་ཁྲིད་འོག་ཕ་ཕུ་ཡ་ཀུའེ་ནེ་ཡའི་མི་དམངས་རྣམས་གང་མགྱོགས་དཀའ་ངལ་ཁྱད་བསད་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་འཁོད་ཡོད་པ་རེད།