མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་
པས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་ཁྲིམས་དོན་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཧྲེན་ཁྲུན་ཡའོ་ཡིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་བཀའ་མངགས་ལྟར་གནང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཟིན་བྲིས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་བཟོ་བཅོས་ཟིན་བྲིས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་མ་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་ཟིན་བྲིས་དེ་གཉིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།
         ཟླ་3ཚེས་9ཉིན་གྱི་སྔ་དྲོ་འཐུས་མི་ཚོགས་པ་ཁག་གིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཟིན་བྲིས་ལ་གྲོས་ཞིབ་ནན་ཏན་གནང་བ་དང་འབྲེལ་ཁོང་རྣམ་པས་སྤྱིར་ན་མོས་མཐུན་གནང་བ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་མ་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་ཟིན་བྲིས་བཏོན་ནས་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་གནང་རྒྱུར་རེ་ཞུ་བྱས་པ་རེད།
         ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་ཁྲིམས་དོན་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཧྲེན་ཁྲུན་ཡའོ་ཡིས་ཚོགས་ཆེན་དྲུང་ཡིག་ཁྲུའི་བཀའ་མངགས་ལྟར་གནང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཟིན་བྲིས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད། ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད། གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། མ་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་ཟིན་བྲིས། ཀྲུའུ་ཞི་ཚོགས་པའི་སྤྱི་བསྒྲགས་ཟིན་བྲིས་བཅས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་མ་ཟིན་ཚབ་འགོད་བྱས་པ་རེད། ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད། མ་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
         ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་འོས་མི་བཅས་ལ་བརྡས་ཐག་གཅོད་རྒྱུའི་བྱེད་ཐབས་སྐོར་གྱི་མ་ཟིན་འཐུས་མི་ཚོགས་པ་ཁག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།