མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་
ཚང་འཛོམས་གྲོས་ཚོགས་ནང་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་
ཚང་འཛོམས་གྲོས་ཚོགས་ནང་ཞུགས་པ།

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་སྐབས་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་གྲུབ་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ལ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཡང་ཡིན་པས་འཐབ་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན། དམག་དཔུང་དང་ས་གནས་མཐུན་སྦྱོར་ལ་ཤུགས་སྣོན། ལས་འགན་དོན་འཁྱོལ་ལ་ཤུགས་སྣོན་བཅས་བརྒྱབ་ནས་དུས་རབས་གསར་པའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྒུལ་ཤུགས་སྟོབས་ཆེན་དང་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིང་ཕིང་གིས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཁོང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་འཐུས་མི་རྣམས་དང་ལྷན་དུ་རྒྱལ་དོན་གླེང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་རེད།
       ཚོགས་འདུའི་ཐོག་ལི་ཧུའོ་ཧུའེ་དང་། ཀུའོ་ཕུ་ཤའོ། ཀྲང་ཞུའེ་ཡུས། ཝང་ཧུའེ་ཆིང་། གཡང་མཚོ་དགེ་བཤེས། ལི་ཝེ། ཀྲུའུ་ཁྲེང་། ཝང་ཉིང་སོགས་འཐུས་མི་8ཀྱིས་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། འཇིག་རྟེན་འཕུར་སྐྱོད་ཀྱི་ཁྱབ་ཁོངས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ། སྲིད་ཇུས་ཀྱི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དྲག་ཆས་ཉེན་རྟོག་དཔུང་སྡེའི་སྒྱུར་བཅོས་ཡག་པོ་བྱེད་པ། དམག་ཞབས་ཐིམ་པའི་དམག་མིའི་དོ་དམ་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིབ་ཕྲ་བཀའ་འདྲི་གནང་བས་ཚོགས་རར་གཅིག་རྗེས་གཉིས་མཐུད་ཀྱིས་གཏམ་བཤད་གནང་བ་དང་རྣམ་པ་འཁྲུག་ཆ་དོད་པོ་བྱུང་བ་རེད།
      འཐུས་མི་ཚོས་གཏམ་བཤད་གནང་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་དང་མི་དམངས་དམག་དཔུང་དེ་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་རྒྱུར་དམིགས་པ་བཅས་བྱས་ནས་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་དམག་ནན་པོས་སྐྱོང་རྒྱུར་དམ་འཛིན་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་གོམ་སྟབས་གསར་པ་སྤོས་ནས་རྣམ་པ་གསར་པ་ཞིག་མངོན་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་མགྱོགས་སུ་གཏོང་རྒྱུའི་ཐད་བླང་བྱ་བཏོན་གནང་ཞིང་། ཁོང་གིས་རྒྱལ་སྲུང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། དམག་དམངས་མཉམ་འདྲེས་ཀྱི་གསར་གཏོད་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ། རྒྱལ་སྲུང་དང་ཚན་རྩལ་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། སྔོན་ཐོན་ཚན་རྩལ་གྱི་གྲུབ་འབྲས་བཀོལ་སྤྱོད་ནུས་པར་སྒྱུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་དམག་འཛུགས་སྐྱོང་བྱ་རྒྱུ་དེ་སྤུས་ཚད་ནུས་ཕྱོད་རྣམ་པ་དང་ཚན་རྩལ་མཉམ་འདུས་རྣམ་པར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་དམག་དོན་ཚན་རྩལ་དང་གོ་མཚོན་དང་སྒྲིག་ཆས་འཕེལ་རྒྱས་འགྲོ་ཕྱོགས་ལ་དོ་ཁུར་དམ་ཟབ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་དམག་དམངས་ཀྱི་ཚན་རྩལ་མཐུན་སྦྱོར་གསར་གཏོད་ལ་དམིགས་སུ་བཀར་ནས་དམ་འཛིན་བྱས་ཏེ་གཙོ་གནད་ཚན་རྩལ་རྣམ་གྲངས་གཞི་གཅིག་གི་རིགས་སྒྲུབ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་སྟེ་ཚན་རྩལ་གསར་གཏོད་འཐབ་ཇུས་ཀྱི་མཐོ་ས་ཧུར་ཐག་འཛིན་དགོས། སྒེ་འབྱེད་མཉམ་སྤྱོད་ཀྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་སྒོ་རྒྱག་དང་སྒེར་སྡེམ་མཐའ་གཅིག་ཏུ་མེད་པར་བཟོས་ཏེ་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཏིང་ཤུགས་སྔོག་འདོན་བྱས་ནས་རྒྱལ་སྲུང་ཚན་རྩལ་གསར་གཏོད་ཀྱི་གྲུ་བརྒྱ་མྱུར་འགྲན་དང་གཡོར་སྟོང་མཉམ་འགུལ་གྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ལྷུག་གཏོང་དང་བསྡུ་སྒྲིལ་ཆེན་པོ་དང་། གཏོར་འཛུགས་ཆེན་པོ། མྱུར་ལ་བརྟན་པ་བཅས་བྱས་ནས་རང་དམག་གི་རྩ་འཛུགས་སྒྲོམ་གཞི་དང་སྟོབས་ཤུགས་མ་ལག་གི་ཧྲིལ་པོའི་རང་བཞིན་དང་གསར་བརྗེའི་རང་བཞིན་སླར་གསོ་ཐུབ་པ་དང་རང་དམག་འཇུགས་སྐྱོང་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་རང་བཞིན་གྱི་འགལ་རྐྱེན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཐག་གཅོད་ནུས་ལྡན་ཐུབ་ཡོད། སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དེང་དུས་དམག་དོན་གྱི་སྲིད་ཇུས་དང་ལམ་ལུགས་མ་ལག་མགྱོགས་མྱུར་འཛུགས་པ་དང་། ཕྱོགས་ཁག་གི་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་བསལ་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་མཐའ་འཁྱོངས་བྱེད་དགོས། སྒྱུར་བཅོས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་དམག་སྦྱོང་དམག་གྲབས་ལས་དོན་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མཐའ་འཁྱོངས་ཀྱིས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཆེན་པོ་བྱེད་པ་དང་རང་དམག་གི་འཐབ་ནུས་གོང་མཐོར་གཏོང་དགོས། དམག་ཡོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་འབྲེལ་ཡོད་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་དམག་དཔུང་དང་ས་གནས་ལས་བརྒལ་བའི་སྒྱུར་བཅོས་ལས་འགན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་དགོས། དམག་ཞབས་ཐིམས་པའི་དམག་མིའི་དོ་དམ་དང་འགན་ལེན་ལས་ཁུངས་འཛུགས་རྒྱུ་དེས་དམག་ཞབས་ཐིམས་པའི་དམག་མིར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་དམག་མི་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་བྱེད་པའི་ལས་རིགས་སུ་གྱུར་པར་དོན་སྙིང་འགངས་ཆེན་ལྡན་ཡོད་པས་ལས་བཟང་ཏན་ཏིག་ཡག་པོ་སྒྲུབ་དགོས་ཞེས་བསྟན་གནང་བ་རེད།