མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་གྱི་འགན་ནུས་ལེགས་སྒྱུར་དང་ལེགས་སྒྲིག་བྱས་ཚུལ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་སྒྱུར་བཅོས་ཀྱི་ཇུས་གཞི་སྐོར་གྱི་གསལ་བཤད་ལ་གསན་པ་རེད།
         སྒྱུར་བཅོས་ཇུས་གཞི་ལ་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་རིམ་པའི་སྡེ་ཚན་8ཉུང་དུ་བཏང་ཡོད་ལ། པུའུ་རིམ་པ་གཞོན་པའི་སྡེ་ཚན་7ཉུང་དུ་བཏང་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་མ་གཏོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་26ཏུ་བཏང་ཡོད་པ་རེད། སྒྱུར་བཅོས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་རིམ་པའི་སྡེ་ཚན་གྱི་འགན་ནུས་ལེགས་སྒྱུར་དང་ལེགས་སྒྲིག་གནད་ཆེར་བཟུང་ནས་སྐུལ་འདེད་བྱས་ཏེ་སྲིད་གཞུང་གི་ལག་བསྟར་ནུས་པ་མཐོ་རུ་བཏང་ཡོད་པ་རེད།
        དང་པོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ལེགས་སྒྲིག་བྱས་ཚུལ།
       ༡  རང་བྱུང་ཐོན་ཁུངས་པུའུ་འཛུགས་རྒྱུ།
       ༢  འཕྲལ་སྡོམ་དོ་དམ་པུའུ་འཛུགས་རྒྱུ།
      ༣  སྣོད་བཅུད་ཁོར་ཡུག་པུའུ་འཛུགས་རྒྱུ།
      ༤  ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱ་རྒྱུ།
      ༥  ཞིང་ལས་གྲོང་གསེབ་པུའུ་འཛུགས་རྒྱུ།
      ༦  ཁྲིམས་འཛིན་པུའུ་བསྐྱར་འཛུགས་བྱ་རྒྱུ།
      ༧  རིག་གནས་དང་ཡུལ་སྐོར་པུའུ་འཛུགས་རྒྱུ།
      ༨  ཆུ་བེད་པུའུ་ཡི་འགན་འཁྲི་ལེགས་སྒྲིག་བྱ་རྒྱུ།
      ༩  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།
      ༡༠  རྩིས་བཤེར་ཧྲུའུ་ཡི་འགན་འཁྲི་ལེགས་སྒྲིག་བྱ་རྒྱུ།
      ༡༡  དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་འཛུགས་རྒྱུ།
      ༡༢  ལྟ་ཞིབ་པུའུ་དང་རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་གཉིས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷང་ཁང་གི་ཁོངས་སུ་འཇུག་རྒྱུ་བཅས་ཡིན་པ་རེད།
       གཉིས་པ། སྒྱུར་བཅོས་བྱས་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྲིག་འཛུགས་བྱས་པའི་གྲུབ་ཆའི་སྡེ་ཚན།
     ༡  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ།
      ༢  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ།
       ༣  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། 
      ༤  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།
      ༥  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་པུའུ།
      ༦  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་འཕྲིན་པུའུ།
     ༧  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན།
     ༨  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ།
     ༩  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ།
     ༡༠  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྲིད་པུའུ། 
     ༡༡  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ།
     ༡༢  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ།
    ༡༣  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྤྱི་པུའུ།
     ༡༤  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་པུའུ།
    ༡༥  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་པུའུ། 
    ༡༦  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་ཁང་འཛུགས་སྐྲུན་པུའུ།
    ༡༧  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
    ༡༨  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ།
    ༡༩  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་གྲོང་གསེབ་པུའུ།
    ༢༠  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ། 
    ༢༡  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་པུའུ། 
    ༢༢  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། 
    ༢༣  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ། 
    ༢༤  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲལ་སྡོམ་དོ་དམ་པུའུ། 
    ༢༥  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོ་མི་དམངས་དངུལ་ཁང་།
    ༢༦  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་ཧྲུའུ་བཅས་ཡོད་པ་རེད།
     གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་གཞག་དག་གི་ལེགས་སྒྲིག་བྱས་ཚུལ།
    ༡  རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ།
    ༢  རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་འཛུགས་རྒྱུ།
    ༣  ཀྲུང་གོའི་དངུལ་ཁང་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།
    ༤  རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་འཛུགས་རྒྱུ།
    ༥  རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་འཛུགས་རྒྱུ།
    ༦  རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུས་འཛུགས་རྒྱུ།
    ༧  རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས་འཛུགས་རྒྱུ།
    ༨  རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་འཛུགས་རྒྱུ།
    ༩  རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་བསྐྱར་འཛུགས་བྱ་རྒྱུ།
    ༡༠  རྒྱལ་ཡོངས་སྤྱི་ཚོགས་འགན་ལེན་ཐེབས་རྩའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་འབྲེལ་བ་ལེགས་སྒྲིག་བྱ་རྒྱུ།
    ༡༡  རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ།