མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《དམག་ཡོངས་སུ"གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་དམག་དཔུང་སྟོབས་ཆེར་གཏོང་
བའི་འགན་འཁྲི་ལྕི་པོ་འཁུར"ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་རྒྱུའི་
སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གིས་ཉེ་ཆར་《དམག་ཡོངས་སུ“གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་འཁུར”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་རེད།
       《བསམ་འཆར་》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ལྟེ་བའི་ནང་དོན་དང་རྩ་བའི་ལས་འགན་དུ་བརྩིས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་བླང་བྱ་ལག་བསྟར་བྱེད་པ་དང་། སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ནན་ཏན་དང་། ལག་ལེན་གྱི་བྱེད་སྒོ་སྤེལ་བ། ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་བྱེད་པ། སློབ་གསོའི་བླ་སྲོག་དང་རྩ་འཛིན་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་བ་དང་དུས་རབས་ཀྱི་མི་སྣ་གསར་པ་སྐྱེད་སྲིང་བྱེད་པའི་ཐད་ཕན་འབྲས་བཟང་པོ་ཐོན་པ་བྱེད་དགོས། དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་མངོན་གསལ་དོད་པོས་སློབ་སྦྱོང་ཡག་པོ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་མཛུབ་ཁྲིད་གནས་བབ་བརྟན་པོ་འཛུགས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་འགྱུར་བ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པ། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ནང་ཞུགས་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
       《བསམ་འཆར་》ནང་། དུས་བབ་གསར་པའི་ལས་འགན་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་རེའི་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་བཞིན་བཅས་ནམ་ཡང་སྲུང་སྐྱོང་དང་། དུས་རབས་གསར་པའི་དམག་དཔུང་གི་འོས་འགན་དང་འགན་འཁྲི་ལག་བསྟར་ནུས་ལྡན་བྱེད་པ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནད་དོན་དམ་འཛིན་བྱེད་པ་དང་། དཔོན་དམག་གིས་དོ་ཁུར་བྱེད་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་དམ་འཛིན་བྱེད་པ། དམག་གྲབས་དམག་རྒྱག་ལ་དམིགས་པ། ཆེད་དོན་བཀོད་སྒྲིག་བྱས་ནས་དམིགས་སའི་རང་བཞིན་གྱི་སློབ་གསོ་དང་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
       《བསམ་འཆར་》ནང་དེ་བས་མཐོ་བའི་ཚད་གཞི་དང་དེ་བས་ནན་པའི་བླང་བྱ་གཞིར་བཟུང་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ནན་པོ་བཟོ་བ་དང་། ཏང་ཡོན་དཔུང་ཁག་ཁྲོད་བསམ་བློ་གཙང་མ་མེད་པ་དང་། རྩ་འཛུགས་གཙང་མ་མེད་པ། སྤྱོད་ཚུལ་གཙང་མ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཞིབ་བཤེར་ཡོ་བསྲང་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནུས་ཤུགས་ཡོད་རྒུས་ཡོ་བསྲང་བཅོས་སྒྲིག་བྱེད་པ། ཀུའོ་པོ་ཞུང་དང་ཞུས་ཚའེ་ཧོའུ་ཡི་དུག་རྒྱུན་གྱི་ཤུགས་རྐྱེན་ཕྱོགས་ཡོངས་ནས་གཙང་སེལ་མཐར་ཕྱིན་པ་བྱེད་པ་བཅས་བྱེད་དགོས། དགེ་མཚན་ལྡན་པ་དང་སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་བཏོད་དེ“ཚད་ལོན་བཞིའི”ཏང་ཡོན་བརྩོན་ལེན་བྱེད་པའི་དར་སྲོལ་གསར་པ་ཆགས་པ་བྱེད་དགོས། ཏང་འཛུགས་སྐྱོང་གིས་གུང་གཞོན་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ནས་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་གཞོན་ནུ་ཚོར་ལང་ཚོའི་ཕུགས་བསམ་དོན་གཉེར་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་དཔའ་ངར་ཆེན་པོས་འཁུར་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
       《བསམ་འཆར་》ནང་། རིམ་པ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་མངོན་གསལ་དོད་པའི་གནས་བབ་ཐོག་ཏན་ཏིག་འཇོག་པ་དང་། འགོ་ཁྲིད་དང་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། འཆར་གཞི་ནན་ཏན་འགོད་པ། ཞིབ་ཕྲའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བླང་བྱ་ནན་པོ་ཁྲིད་སྦྱོང་སྒྲུབ་གསུམ་གྱི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱེད་པ་དང་། བསམ་བློའི་བརྟག་དཔྱད་ལ་དམ་འཛིན་ཏན་ཏིག་བྱེད་པ། འགོ་ཁྲིད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། སློབ་གསོ་གཏོང་སྟངས་ལེགས་གཏོང་དང་གསར་གཏོད་བཅས་བྱས་ནས་སློབ་གསོར་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ནན་དུ་བཏང་ནས་སློབ་གསོ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།