མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་
གི་ཨུ་ཡོན་ཀྲང་གི་ལོ་རྒྱུས་མདོར་བསྡུས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་18ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་
གི་ཨུ་ཡོན་ཀྲང་གི་ལོ་རྒྱུས་མདོར་བསྡུས།

        ལི་ཀྲན་ཧྲུའུ། ཕོ། རྒྱ་རིགས། 1950ལོའི་ཟླ་8པར་འཁྲུངས། ཧོ་པེ་ཕིང་ཧྲན་ནས་ཡིན་པ། 1972ལོའི་ཟླ་12པར་ལས་ཀར་ཞུགས། 1975ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧོ་པེ་དགེ་འོས་སློབ་ཆེན་མཚན་མོའི་སློབ་ཆེན་གྱི་ཆབ་སྲིད་སློབ་གསོ་ཚན་ཁག་ནས་ཐོན། ལས་ཐོག་སློབ་ཆེན་གྱི་སློབ་རྒྱུས་དང་མཐོ་རིམ་བཟོ་ཚོང་དོ་དམ་རབ་འབྱམས་པའི་སློབ་གནས་ལྡན། 
     ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་བཞེས་བཞིན་ཡོད། 
     1971ལོ་ནས་1972ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་གྱི་ནོར་དོན་དང་ཉོ་ཚོང་སློབ་གྲྭར་ཟོག་གོང་ཆེད་ལས་སློབ་སྦྱོང་གནང་། 
     1972ལོ་ནས་1976ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་ཚོང་དོན་ཅུས་གཞུང་ལས་ཁང་གི་ཀན་ཧྲི་དང་ཀྲུའུ་རེན་གཞོན་པ་གནང་། 
     1976ལོ་ནས་1983ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཨུད་གཞུང་དོན་ཁང་དཔྱད་གཞི་ཁོའོ་ཡི་ཀན་ཧྲི་དང་ཁོའོ་ཀྲང་(དེའི་རིང་1980ལོ་ནས་1983ལོ་བར་ཧོ་པེ་དགེ་འོས་སློབ་ཆེན་མཚན་མོའི་སློབ་ཆེན་ཆབ་སྲིད་དང་སློབ་གསོ་ཚན་ཁག་ཏུ་སློབ་སྦྱོང་གནང)གནང་། 
     1983ལོ་ནས་1985ལོ་བར་ཧོ་པེ་ཞིང་ཆེན་ཝུའུ་ཅེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གནང་། 
     1985ལོ་ནས་1986ལོ་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གནང་། 
     1986ལོ་ནས་1990ལོ་བར་གུང་གཞོན་སྡེ་ཚོགས་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་(དེའི་རིང་1988ལོའི་ཟླ་2པ་ནས་ཟླ་8པ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་འཛུགས་སྐྱོང་རིགས་པའི་གཞུང་ལུགས་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)གནང་། 
     1990ལོ་ནས་1993ལོ་བར་ཧོ་པེ་ཞིང་ཆེན་ཁྲེང་ཏེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གནང་། 
     1993ལོ་ནས་1997ལོ་བར་ཧོ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་གནང་། 
     (1992ལོ་ནས་1994ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་དཔལ་འབྱོར་ཆེད་ལས་སློབ་སྦྱོང་གནང་།) 
     1997ལོ་ནས་1998ལོ་བར་ཧོ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་གནང་། 
     1998ལོ་ནས་2000ལོ་བར་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གནང་། 
     (1996ལོ་ནས་1998ལོ་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གླིང་ནོར་དོན་དང་ཉོ་ཚོང་ཚན་ཁག་གི་ཚོང་དོན་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་ཚན་འཛིན་གྲྭར་སློབ་སྦྱོང་གནང་།)
     2000ལོ་ནས་2002ལོ་བར་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་གནང་། 
     2002ལོར་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། ཤིས་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་། 
     2002ལོ་ནས་2003ལོ་བར་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཤིས་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་། 
     2003ལོ་ནས་2004ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་། 
     2004ལོ་ནས་2007ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གཞོན་པ་གནང་། (དེའི་རིང་2005ལོ་ནས་2007ལོ་བར་ཧའར་པིན་བཟོ་ལས་སློབ་ཆེན་མཐོ་རིམ་དོ་དམ་པའི་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་གནང་ནས་མཐོ་རིམ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ཐོབ།) 
     2007ལོ་ནས་2008ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲེང་ཀྲང་གནང་། 
     2008ལོ་ནས་2010ལོ་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གནང་། 
     2010ལོ་ནས་2012ལོ་བར་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་། 
     2012ལོར་ཀྲུང་དབྱང་གཞུང་ལས་ཐིང་གི་རྒྱུན་ལས་ལས་དོན་གཙོ་འགན་ཀྲུའུ་རེན་གཞོན་པ་(པུའུ་ཀྲང་རིམ་པ་རྒན་པ)དང་། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་གནང་། 
     2012ལོ་ནས་2014ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་། 
     2014ལོ་ནས་2017ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་གནང་། 
     2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གནང་། 
     2018ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གནང་། 
    ཀྲུང་གུང་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་གནང་།