མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གི་ལོ་རྒྱུས་མདོར་བསྡུས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གི་ལོ་རྒྱུས་མདོར་བསྡུས།

        ཀྲོའུ་ཆང་། ཕོ། རྒྱ་རིགས། 1960ལོའི་ཟླ་བཞི་པར་འཁྲུངས། ཧུའུ་པེའི་ཧོང་མེ་ནས་ཡིན་པ། 1976ལོའི་ཟླ་བརྒྱད་པར་ལས་ཀར་ཞུགས། 1978ལོའི་ཟླ་དགུ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་ཞིབ་འཇུག་སློབ་མའི་སློབ་གླིང་གི་དམངས་ཁྲིམས་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་ཤེས་རམས་པའི་སློབ་གནས་ལྡན།
       ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཏང་ཙུའི་ཧྲུའུ་ཅི། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དབུ་བཞུགས་ཁྲིམས་དཔོན་ཆེ་མོ་བཅས་གནང་བཞིན་ཡོད།
      1976ལོ་ནས་1978ལོ་བར་ཧུའུ་པེ་ཞིང་ཆེན་ཧོང་མེ་རྫོང་ཏུའུ་ཧྲན་ཀུང་ཧྲེའི་མཐའ་འཁོར་རུ་ཆེན་གྱི་རུ་ཞུགས་གཞོན་ནུ་ཤེས་ཡོན་ཅན་གནང་།
      1978ལོ་ནས་1982ལོ་བར་ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཁྲིམས་ལུགས་ཚན་ཁག་ཏུ་སློབ་སྦྱོང་གནང་།
      1982ལོ་ནས་1985ལོ་བར་ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་ཞིབ་འཇུག་སློབ་མའི་སློབ་གླིང་གི་དམངས་ཁྲིམས་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་གནང་།
      1985ལོ་ནས་1989ལོ་བར་ཁྲིམས་འཛིན་པུའུ་སྲིད་ཇུས་ཞིབ་འཇུག་ཁང་ཁྲིམས་སྲོལ་ཁྲུའུ་ཡི་ལས་བྱེད་པ་དང་། ཀྲུའུ་རེན་ཁོའོ་ཡོན། ཁྲིམས་སྲོལ་སིའི་བཅའ་ཁྲིམས་ཁྲིམས་སྲོལ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་བཅས་གནང་།
      1989ལོ་ནས་1991ལོ་བར་ཁྲིམས་འཛིན་པུའུ་ཁྲིམས་སྲོལ་སིའི་ཁྲིམས་ལུགས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་གནང་།
      1991ལོ་ནས་1993ལོ་བར་ཁྲིམས་འཛིན་པུའུ་ཁྲིམས་སྲོལ་སིའི་ཁྲིམས་ལུགས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་(དེའི་རིང་1993ལོའི་ཟླ་གསུམ་པ་ནས་1993ལོའི་ཟླ་དགུ་པ་བར་ཀོང་ཏུང་ཞིང་ཆེན་ཧྲེང་ཀྲེན་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ལས་རོགས་ཀྱི་འགན་བཞེས)གནང་།
      1993ལོ་ནས་1995ལོ་བར་ཁྲིམས་འཛིན་པུའི་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་དང་པུའུ་ཀྲང་གཞུང་ལས་ཁང་གི་ཀྲུའུ་རེན་གནང་།
      1995ལོར་ཁྲིམས་འཛིན་པུའི་ཁྲིམས་ལུགས་སིའི་སི་ཀྲང་གནང་།
      1995ལོ་ནས་1997ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་གནང་།
      (1995ལོ་ནས་1996ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)
     1997ལོ་ནས་1998ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི་གནང་།
     1998ལོ་ནས་2006ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་(དེའི་རིང་2005ལོའི་ཟླ་བཅུ་གཅིག་ནས་2006ལོའི་ཟླ་དང་པོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཆེད་དོན་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་གནང་།)གནང་།
      2006ལོར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལས་ཚབ་དང་དེ་བཞིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་གནང་།
      2006ལོ་ནས་2007ལོ་བར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལས་ཚབ་གནང་།
      2007ལོ་ནས་2010ལོ་བར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གནང་།
      2010ལོར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གནང་།
      2010ལོ་ནས་2013ལོ་བར་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གནང་།
      2013ལོ་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་། ཏང་ཙུའི་ཧྲུའུ་ཅི། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གནང་།
      ཀྲུང་གུང་སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་།