མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ་ཡི་ལོ་རྒྱུས་མདོར་བསྡུས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ་ཡི་ལོ་རྒྱུས་མདོར་བསྡུས།

         དབྱང་ཞའོ་ཏུའུ། ཕོ། རྒྱ་རིགས། 1953ལོའི་ཟླ་10པར་འཁྲུངས། ཧྲང་ཧའེ་གྲོང་ཁྱེར་ནས་ཡིན་པ། 1970ལོའི་ཟླ་5པར་ལས་ཀར་ཞུགས། 1973ལོའི་ཟླ་9པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
      ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།
      1970ལོ་ནས་1973ལོ་བར་ཨན་ཧུའེ་ཞིང་ཆེན་ཐའེ་ཧོ་རྫོང་སུང་ཅི་ཀུང་ཧྲེ་ཀའོ་མེའོ་རུ་ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་གནང་།
      1973ལོ་ནས་1976ལོ་བར་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་གླིང་སྨན་རྫས་རིག་པའི་ཚན་ཁག་ཏུ་སྨན་རྫས་རིག་པའི་ཆེད་ལས་སློབ་སྦྱོང་གནང་།
      1976ལོ་ནས་1984ལོ་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྨན་རྫས་ཀུང་སིའི་ཀུའུ་ཀྲང་དང་། ཅིང་ལི་གཞོན་པ། ཏང་ཀྲི་པུའི་ཧྲུའུ་ཅི་བཅས་གནང་།
      1984ལོ་ནས་1986ལོ་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་།
      1986ལོ་ནས་1992ལོ་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་གནང་། (དེའི་རིང་1988ལོ་ནས་1989ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)
     1992ལོ་ནས་1995ལོ་བར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་གནང་།       1995ལོ་ནས་1998ལོ་བར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་།
      1998ལོ་ནས་2001ལོ་བར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་ནོར་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གནང་། (1998ལོ་ནས་2001ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཁྲིམས་རིག་པའི་རིགས་པའི་གཞུང་ལུགས་ཆེད་ལས་སློབ་སྦྱོང་གནང་།)
      2001ལོ་ནས་2006ལོ་བར་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་གནང་།
      2006ལོ་ནས་2012ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གནང་།
      2012ལོ་ནས་2014ལོ་བར་ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གནང་། (དེའི་རིང་2013ལོའི་ཟླ་བཅུ་གཅིག་ནས་2014ལོའི་ཟླ་དང་པོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་གཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)
     2014ལོ་ནས་2016ལོ་བར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་གནང་།
     2016ལོ་ནས་2017ལོ་བར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ལྟ་ཞིབ་པུའི་པུའུ་ཀྲང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་བཅས་གནང་། (2017ལོའི་ཟླ་དང་པོ་བར།)
     2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་པུའི་པུའུ་ཀྲང་། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་བཅས་གནང་།
     2018ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གནང་།
     ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་གནང་། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་གནང་། 2014ལོའི་ཟླ་དང་པོར་ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ཧྲུའུ་ཅི་གཞོན་པར་གསབ་འདེམས་བྱས། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་གནང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནང་།