མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞའི་ལོ་རྒྱུས་མདོར་བསྡུས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞའི་ལོ་རྒྱུས་མདོར་བསྡུས།

        ཀྲང་ཡིའུ་ཞ། ཕོ། རྒྱ་རིགས། 1950ལོའི་ཟླ་7པར་འཁྲུངས། ཧྲའན་ཤིས་ཝེ་ནན་ནས་ཡིན་པ། 1968ལོའི་ཟླ་12པར་དམག་དཔུང་ལ་ཞུགས། 1969ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། དམག་དོན་སློབ་གླིང་གི་གཞི་རྩའི་ཚན་ཁག་ནས་ཐོན། ཆེད་ཚན་སློབ་གྲྭ་ཆེ་མོའི་སློབ་རྒྱུས་ལྡན།
      ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཧྲང་ཅང་དམག་དཔོན་བཅས་ཀྱི་འགན་བཞེས་བཞིན་ཡོད།
     1968ལོ་ནས་1971ལོ་བར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཐོན་119ཡི་ལེན་6པའི་འཐབ་འཛིང་པ་གནང་།
     1971ལོ་ནས་1977ལོ་བར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཐོན་119ཡི་སི་ལིང་པུའི་སྦྱོང་བརྡར་ཀུའུ་ཡི་ཚན་མོའུ་གནང་།
     1977ལོ་ནས་1979ལོ་བར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཐོན་119ཡི་ཡིང་3པའི་ལེན་8པའི་ལེན་ཀྲང་གནང་།
     1979ལོར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཐོན་118ཀྱི་སི་ལིང་པུའི་སྦྱོང་བརྡར་ཀུའུ་ཡི་ཀུའུ་ཀྲང་གནང་།
     1979ལོ་ནས་1981ལོ་བར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཐོན་118ཀྱི་ཚན་མོའུ་ཀྲང་གནང་།
     1981ལོ་ནས་1983ལོ་བར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཐོན་118ཀྱི་ཐོན་ཀྲང་གཞོན་པ་གནང་།
     1983ལོ་ནས་1984ལོ་བར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཐོན་119ཡི་ཐོན་ཀྲང་གནང་།
     1984ལོ་ནས་1987ལོ་བར་སྐམ་དམག་དམག་སྡེ་14པའི་ཧྲི་40པའི་ཧྲི་ཀྲང་གཞོན་པ་གནང་། (དེའི་རིང་1984ལོ་ནས་1986ལོ་བར་དམག་དོན་སློབ་གླིང་གི་གཞི་རྩའི་ཚན་ཁག་ཏུ་སློབ་སྦྱོང་གནང་།)
     1987ལོ་ནས་1990ལོ་བར་སྐམ་དམག་དམག་སྡེ་14ཚོགས་པའི་ཧྲི་40པའི་ཧྲི་ཀྲང་གཞོན་པ་གནང་།
     1990ལོ་ནས་1994ལོ་བར་སྐམ་དམག་དམག་སྡེ་14ཚོགས་པའི་ཧྲི་40པའི་ཧྲི་ཀྲང་གནང་།
     1994ལོ་ནས་2000ལོ་བར་སྐམ་དམག་དམག་སྡེ་13ཚོགས་པའི་ཅུན་ཀྲང་གཞོན་པ་གནང་། (དེའི་རིང་1996ལོའི་ཟླ་གསུམ་པ་ནས་1997ལོའི་ཟླ་དང་པོ་བར་རྒྱལ་སྲུང་སློབ་ཆེན་གན་རྒྱའི་དམག་འཐབ་བཀོད་འདོམས་འཛིན་གྲྭར་སློབ་སྦྱོང་གནང་།)
     2000ལོ་ནས་2005ལོ་བར་སྐམ་དམག་དམག་སྡེ་13ཚོགས་པའི་ཅུན་ཀྲང་གནང་།
     2005ལོ་ནས་2007ལོ་བར་པེ་ཅིང་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་གནང་།
     2007ལོ་ནས་2012ལོ་བར་ཧྲེན་དབྱང་དམག་ཁུལ་ཁང་གི་སི་ལིང་ཡོན་གནང་།
     2012ལོ་ནས་2013ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་བཅིངས་འགྲོལ་དམག་སྤྱི་ཁྱབ་གོ་མཚོན་པུའི་པུའུ་ཀྲང་གནང་།
     2013ལོ་ནས་2015ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བཅིངས་འགྲོལ་དམག་སྤྱི་ཁྱབ་གོ་མཚོན་པུའི་པུའུ་ཀྲང་བཅས་གནང་།
     2015ལོ་ནས་2017ལོ་བར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་གོ་མཚོན་འཕེལ་རྒྱས་པུའི་པུའུ་ཀྲང་བཅས་གནང་།
     2017ལོར་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་།
     2017ལོ་ནས་2018ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གནང་།
     2018ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་གནང་།
     ཀྲུང་གུང་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་བྱས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱས།