མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རོན་ཞལ་ཆད་ལྟར་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་རོན་ཞལ་ཆད་ལྟར་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
         མ་ཁེ་རོན་གྱིས་ཞི་ཅིན་ཕིང་བསྐྱར་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་ཤིང་། མ་ཁེ་རོན་གྱིས་ངས་ཧྥ་ཀྲུང་གི་མཛའ་གྲོགས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ་ཀྲུང་གོའི་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ལ་ཐོབ་པའི་གྲུབ་འབྲས་ཁག་ལ་ཡང་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། མ་ཟད་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ་ཧྥ་ཀྲུང་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་འདོད་ཡོད། ཧྥ་ཀྲུང་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཞིང་ལས། ཉིང་རྡུལ་ནུས་རྒྱུ། ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་། དངུལ་རྩའི་ཉེན་ཁ་འགོག་ཟོན་སོགས་གོ་ལ་ཧྲིལ་པོའི་གནད་དོན་ཐད་འབྲེལ་གཏུགས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་མི་རིང་བའི་གོང་སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ང་ཚོར་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བས་དེས་ཀྲུང་ཧྥ་འབྲེལ་བར་གསོན་ཤུགས་གསར་པ་སྦྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་ལམ་སྲོལ་རང་བཞིན་གྱི་སྐད་ཆ་བྱེད་པ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ། གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་འབྲེལ་གཏུག་བཅས་བྱས་ཏེ་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་གསོན་ཤུགས་ལྡན་པར་འགྱུར་བ་བྱེད་འདོད་ཡོད། ཀྲུང་ཧྥ་གཉིས་ཀ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་གྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྟོབས་ཆེའི་རྒྱལ་ཁབ་ཅིག་རེད། མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་ལག་གདང་སྦྲེལ་ནས་འཐབ་ཇུས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ད་ཡོད་རྒྱལ་སྤྱིའི་སྒྲིལ་སྲོལ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་སྲུང་སྐྱོང་དང་དེ་འཐུས་སྒོ་ཚང་དུ་གཏོང་རྒྱུར་མཉམ་དུ་འབད་བརྩོན་བྱེད་པ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བ་དང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྒོ་དབྱེ་རྣམ་པའི་གོ་ལ་ཧྲིལ་པོའི་ཉོ་ཚོང་མ་ལག་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་ཕན་ཚུན་གཟིགས་ཚུལ་བརྗེ་རེས་གནང་བ་རེད།