མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ལ་ཕེབས་པའི་ཀྲུང་
ཕྱིའི་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་གྱི་པོ་ཨའོ་རུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ལ་ཕེབས་པའི་ཀྲུང་ཕྱིའི་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་བཞུགས་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་སྤྲོ་སྣང་གི་རྣམ་འགྱུར་འཛིན་གྱི་ཡོད། ཁ་ཕྱོགས་ལས་འགྲོ་ལམ་གང་ཞིག་གི་ཐོག་སྐྱོད་མིན་གཏན་འཁེལ་བ་དང་འགྲོ་ལམ་ལས་ལས་སྐལ་གང་ཞིག་བྱུང་མིན་གཏན་འཁེལ་གྱི་ཡོད། ཀྲུང་གོའི་ད་ལྟའི་ཁ་ཕྱོགས་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དེ་ཡིན། ང་ཚོས་སྐྱོད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་འགྲོ་ལམ་དེ་ཡིན། ང་ཚོ་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། ང་ཚོས་སྣུམ་རྡག་རྡག་བླུགས་པ་དང་། ཁ་ལོ་བརྟན་པོར་སྒྱུར་བ། ངར་ཤུགས་གཅིག་ཏུ་སྒྲིམ་པའི་ཐོག འབད་བརྩོན་ལྷོད་མེད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་དེ་འཕེལ་རྒྱས་མྱུར་པོ་འགྲོ་བ་ནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་འགྱུར་རྒྱུ་དང་། འབོར་ཆེ་རུ་འགྲོ་བ་ནས་སྤུས་ཚད་མཐོ་རུ་འགྲོ་བའི་ཕྱོགས་སུ་འགྱུར་རྒྱུ།“ཡོད་མེད”ནས“ལེགས་མིན”ཕྱོགས་སུ་འགྱུར་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོར་སྒྱུར་བཅོས་ལ་བྱེད་མུས་མ་གཏོགས་བྱས་ཟིན་པ་མེད། ང་ཚོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གོམ་སྟབས་སྤོ་མཚམས་འཇོག་རྒྱུ་མིན་ལ་སྒྱུར་བཅོས་བྱེད་པའི་གོམ་སྟབས་སྤོ་མཚམས་ཀྱང་འཇོག་རྒྱུ་མིན། ཕྱེ་ཟིན་པའི་སྒོ་མོ་རྒྱག་མི་སྲིད། ང་ཚོས་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་ཡོང་བ་དང་། འཕེལ་རྒྱས་སྔར་བས་སྤུས་ཚད་ལྡན་པ། བཅོས་སྐྱོང་སྔར་བས་ཆུ་ཚད་ལྡན་པ། མི་དམངས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་གསུམ་སྔར་བས་ལྡན་པ་བཅས་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ཨེ་ཤེ་ཡ་དང་འཛམ་གླིང་འཕེལ་རྒྱས་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་འབུལ་དགོས། ཀྲུང་གོའི་དཔལ་འབྱོར་མྱུར་འཁོར་ནང་བཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཀྲུང་གོའི་སྒྱུར་བཅོས་དང་། སྒོ་དབྱེ། འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་མ་འཇོག་ལས་གཏོད་བྱེད་མཁན་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་མཁས་ཅན་ལ་སྔར་བས་གུ་ཡངས་ལ་གོ་རིམ་ལྡན་པའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན། རྒྱལ་ཁབ་ཁག་གི་ཁེ་ལས་མཁས་ཅན་ཚོས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བྱས་རྗེས་སྔར་བས་ཆེན་པོ་འཇོག་རྒྱུ་དང་འཕེལ་རྒྱས་སྔར་བས་ཆེན་པོ་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནི་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་དེས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཐུན་མོང་འཕེལ་རྒྱས་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་ཡིན།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་མཐའ་དག་ཡོངས་བསྒྲགས་སུ་ལག་ལེན་བསྟར་རྒྱུ་ཡིན། ང་ཚོས་ཤོག་ཁག་ཆུང་ངུ་འཛུགས་མི་སྲིད་ལ་ཧམ་ཉོ་ཧམ་ཚོང་ཡང་བྱེད་མི་སྲིད། ང་ཚོས་ཨེ་ཤེ་ཡ་ཤར་ལྷོའི་དཔལ་འབྱོར་གཅིག་མཐུན་འདུས་གྲུབ་ཀྱི་འཆར་གཞི་བཟོ་རྒྱུར་སྐུལ་འདེད་དང་དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རང་དབང་ཚོང་དོན་ཁུལ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་གནང་བ་རེད།