མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨར་ཅི་རི་ཡར་དམག་དོན་གནམ་གྲུ་ལྷུངས་པའི་ལས་འཛོལ་ཚབས་ཆེན་ཐོན་པར་ཞི་ཅིན་ཕིང་གིས་
ཨར་ཅི་རི་ཡའི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་14ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་དམག་དོན་གནམ་གྲུ་ལྷུངས་པའི་ལས་འཛོལ་ཚབས་ཆེན་ཐོན་པར་ཨར་ཅི་རི་ཡའི་ཙུང་ཐུང་པུ་ཐེ་ཕུ་ལི་ཁར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
         ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་སྐུ་ཉིད་རྒྱལ་ཁབ་ཀྱི་དམག་དོན་གནམ་གྲུ་ཞིག་སྟབས་མི་ལེགས་པར་ལྷུངས་ནས་མི་སྣ་འཆི་རྨས་ཚབས་ཆེན་བྱུང་བ་གོ་ཐོས་བྱུང་བས་ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད་རང་ཉིད་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་གདུང་སེམས་ཟབ་མོ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་དེའི་ཐད་ཨར་ཅི་རི་ཡའི་ཙུང་ལི་ཨུ་ཡེ་ཧའེ་ཡར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།