མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་
སྟེགས་ཐོག་གི་གསུང་བཤད་གལ་ཆེན་》པར་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། 《ཞི་ཅིན་ཕིང་གི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐོག་གི་གསུང་བཤད་གལ་ཆེན》གྱི་དེབ་དེ་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་ཐོག་ནས་རྒྱལ་ཁབ་ཕྱི་ནང་དུ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གཏམ་བཤད་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་དགའ་བསུའི་གསོལ་སྟོན་ཐོག་གནང་བའི་བཞེས་རག་སྨོན་ཚིག་སོགས་གསུང་བཤད་གལ་ཆེན་ཁག་11བཀོད་ཡོད་པ་དང་ཆབས་ཅིག་ཞར་བྱུང་གི་རྣམ་པའི་ཐོག་ནས་གྲུབ་འབྲས་ཀྱི་ཡིག་ཆ་གལ་ཆེན་ཁག་2ཀྱང་བཀོད་ཡོད།