མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚེ་གང་ཏང་གི་རྗེས་སུ་འབྲང་བའི་ཕུགས་བསམ་དོན་གཉེར་བྱེད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་05ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་དོན་ཚོང་ལས་དང་དཔལ་འབྱོར་བཅའ་ཁྲིམས་སློབ་གླིང་གི་1502འཛིན་གྲྭའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུར་ལྕག་སྐུལ་གནང་བ། 
          མི་དམངས་དྲ་བའི་འཕྲིན། “ལྔ་བཞི”གཞོན་ནུའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ལས་དོན་མི་སྣར་མངགས་བཅོལ་གནང་སྟེ། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་དོན་ཚོང་ལས་དང་དཔལ་འབྱོར་བཅའ་ཁྲིམས་སློབ་གླིང་གི་1502འཛིན་གྲྭའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་སྦྲགས། སློབ་གྲོགས་ཚོས“ཐོག་མའི་བསམ་འདུན་མ་བརྗེད་པར་ཚེ་གང་ཏང་གི་རྗེས་སུ་འབྲང་བའི་ཕུགས་བསམ་དོན་གཉེར་བྱེད་པའི”བརྩོན་སྐྱེད་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་ཚོར་དད་སེམས་བརྟན་པོ་དང་སྤྱོད་ལམ་བཟང་པོ། དུས་ཚོད་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། ཕུགས་བསམ་ལྡན་པ་དང་། འཇོན་ཐང་ལྡན་པ། འགན་སེམས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་ཧུར་ཐག་གྱུར་པར་བྱས་ནས། ཁྲིམས་སྐྱོང་གི་ཀྲུང་གོ་སྐྲུན་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
          2017ལོའི་ཟླ་5ཚེས་3ཉིན། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས། 1502འཛིན་གྲྭའི་སྡེ་ཚོགས་ཀྲི་པུའི“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང”ཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་ཞུགས་ནས། ཚོགས་མི་དང་གཞོན་ནུ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ཐད་ཐུགས་རེ་ཟབ་མོ་གནང་བ་རེད།
          ཉེ་ཆར་1502འཛིན་གྲྭའི་སྡེ་ཚོགས་ཀྲི་པུའི་སློབ་གྲོགས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཤིང་། འཕྲིན་ཡིག་ཏུ་ལོ་གཅིག་རིང་སློབ་གྲོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ཏེ་རང་འགུལ་ངང་བྱ་སྤྱོད་ངོ་མར་བརྟེན་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང་བའི”དམ་བཅའ་ལག་ལེན་བསྟར་གྱི་ཡོད། ཚང་མས་ཧུར་བརྩོན་ཆེན་པོས་ཏང་རྩ་འཛུགས་དང་ཉེ་བར་བཅར་ནས། སློབ་ཕྲུག་ཁག་གཅིག་དངོས་སུ་ཏང་ལ་ཞུགས་པ་དང་ཁག་གཅིག་གྲ་སྒྲིག་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་ཅན་དུ་གྱུར་ཡོད། “ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲང་། གཞོན་ནུས་དོན་ཆེན་སྒྲུབ་པར་བརྩོན་པ་སྐྱེད”ཅེས་པའི་གྲོས་འགོའི་བྱེད་སྒོ་སྤེལ་བར་སྲིད་ཁྲིམས་སློབ་ཆེན་གྱི་སློབ་མ་མང་པོས་དང་ལེན་ཧུར་ཐག་ཞུས་ཡོད། ཚང་མས་ད་དུང་བཅའ་ཁྲིམས་ཁྱབ་གདལ་དང་སློབ་སྐྱོར་སོགས་དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་པ་མ་ཟད། ལེང་ཅ་ཧོ་དང་ལན་ཁའོ་རྫོང་དུ་ལྟ་སྐོར་སློབ་སྦྱོང་དུའང་བསྐྱོད་པ་ཡིན། བསམ་གཞིག་དང་ལག་ལེན་གཏིང་ཟབ་བརྒྱུད། སློབ་གྲོགས་ཚོའི་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་འཁོད་ཡོད།