མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་གཙོ་གནད་དཔེ་དེབ་པེ་ཅིང་དུ་པར་ཕུད་བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན། མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་གཙོ་གནད་དཔེ་དེབ་དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བཞུགས་མོལ་ཚོགས་འདུ་གཙོ་གཉེར་བྱས་པ་རེད།
         འདི་ལོ་ནི་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བའི་ལོ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཡང་རེད། ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་ལྟར་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་གཙོ་གནད་དཔེ་དེབ་གསུམ་སྟེ། དྲན་གསོའི་པར་མ་《གུང་ཁྲན་ཏང་གི་བསྒྲགས་གཏམ་》དང་《མ་རྩའི་རྣམ་བཤད་》དང་། 《མར་ཁེ་སི་དང་ཨེན་ཀེ་སིའི་གསུང་རྩོམ་ཆེད་སྒྲིག་རྩོམ་དེབ་》 ཁྱབ་གདལ་དེབ་《པར་རིས་ནས་མར་ཁེ་སིའི་ལོ་རྒྱུས་བརྗོད་པ་》བཅས་སྒྲིག་འཛུགས་སྒོས་རྩོམ་སྒྱུར་བྱས་ནས་མི་དམངས་དཔེ་སྐྲུན་ཁང་དང་ཁྲུང་ཆིང་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་བྱས་པ་རེད།
          ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བེད་སྤྱོད་ལ་མཐོང་ཆེན་བྱས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གསུང་རྩོམ་རྩེ་གྲར་དམིགས་ཏེ་གཅིག་སྡུད་སློབ་སྦྱོང་ཐེངས་མང་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་ནི་གུང་ཁྲན་ཏང་མིས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ཡང་སྒོས་མཐོ་རིམ་ལས་བྱེད་པས་《གུང་ཁྲན་ཏང་གི་བསྒྲགས་གཏམ་》སོགས་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་རྩེ་གྲ་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་དགོས་པའི་ནན་བཤད་གནང་ཡོད། ད་རེས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་གཙོ་གནད་དཔེ་དེབ་རྩོམ་སྒྱུར་དང་དཔེ་སྐྲུན་བྱས་པ་ས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་རྣམ་འགྱུར་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་སྐུལ་མ་ཐེབས་ཏེ། འབྱུང་རྩ་ནས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་ནང་དོན་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་མར་ཁེ་སིའི་འོད་སྟོང་འཕྲོ་བའི་མཛད་རྗེས་དང་ཁྱད་དུ་འཕགས་པའི་ལེགས་སྐྱེས་ལ་རྒྱུས་ལོན་གཏིང་ཟབ་ཡོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་དད་སེམས་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་བཅས་སྔར་བས་བརྟན་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།