མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལུའོ་ལི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་17ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལུའོ་ལི་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་ཙུང་ལི་ལུའོ་ལི་དང་མཇལ་འཛོམས་གནང་བ་རེད།
         ཙུང་ལི་ལུའོ་ལི་དང་ཁོང་གིས་འགོ་ཁྲིད་གནང་བའི་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་མི་དམངས་མི་རིགས་ལས་འགུལ་ཏང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད། རང་ཉིད་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་གཞིར་བཟུང་། རྒྱལ་ཁབ་ཁག་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུའི་འདུན་པ་འཆང་གི་ཡོད་ལ་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ཐུན་མོང་ལས་དབང་འདུས་གྲུབ་གཏོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཀྱང་ཡོད། ལོ་རྒྱུས་ཀྱི་འཕེལ་རྒྱས་དེའི་ཁྲོད་ང་ཚོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་གཞིར་བཟུང་། ཅ་ལི་པི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་ཐེ་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཕེལ་རྒྱས་ཀྱི་འཆར་གཞི་དང་སྦྲེལ་མཐུད་དམ་ཟབ་བྱས་ཏེ། རིམ་ཁག་དབར་ལ་འགྲོ་འོང་བྱེད་ཤུགས་ཆེ་རུ་དང་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རོགས་བྱེད་འདོད་ཡོད། མི་ཆོས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཐེའི་མཛའ་གྲོགས་འབྲེལ་བ་མི་སེམས་སུ་སྔར་བས་ཟུག་པར་བྱེད་དགོས། ཀྲུང་ཐེས་གནམ་གཤིས་འགྱུར་ལྡོག་སོགས་སའི་གོ་ལ་རང་བཞིན་གྱི་གནད་དོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁྲོད་མུ་མཐུད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་འཛོམས་ཡུལ་དུ་ཐེ་རི་ནི་ཏ་དང་ཐོ་པ་ཀོ་སོགས་ཅ་ལི་པི་རྒྱལ་ཁབ་ཀྱི་ཆེད་དུ་བདེན་འཛིན་དྲང་གཏམ་མུ་མཐུད་བརྗོད་རྒྱུ་ཡིན། ཀྲུང་ཅ་དང་དེ་བཞིན་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཐེ་རི་ནི་ཏ་དང་ཐོ་པ་ཀོས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།
         ལུའོ་ལིས་ཀྲུའུ་ཞི་ཞི་ཅིན་ཕིང་2013ལོར་ཐེ་རི་ནི་ཏ་དང་ཐོ་པ་ཀོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲིར་ཕེབས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་གནང་བ་ང་ཚོས་ད་ལྟའང་བརྗེད་མེད། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དེ་ཡིད་སྨོན་སྐྱེ་དགོས་པ་ཞིག་འདུག ཐེ་རི་ནི་ཏ་དང་ཐོ་པ་ཀོར་ཡང་འཕེལ་རྒྱས་དོན་དུ་གཉེར་བའི་འདུན་པ་ཡོད། ཐེ་རི་ནི་ཏ་དང་ཐོ་པ་ཀོར་ལས་རིགས་ཁག་གིས་ཀྲུང་གོ་དང་མཉམ་ལས་སྔར་བས་དམ་ཟབ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།