མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་མཛའ་གྲོགས་ལྟ་སྐོར་ཚོགས་པ་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན། གོང་ཚེས་ཉིན་པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་ཕེའོ་ཐའེ་ཁྲེང་གིས་སྣེ་ཁྲིད་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མཛའ་གྲོགས་ལྟ་སྐོར་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཛོམས་སོགས་འབྲེལ་ཡོད་བྱེད་སྒོར་ཕེབས་ཡོད་པ་རེད།
        ཕེའོ་ཐའེ་ཁྲེང་གིས་དང་ཐོག་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་དང་། ཞི་ཅིན་ཕིང་གིས་ཀྱང་ཕེའོ་ཐའེ་ཁྲེང་བརྒྱུད་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་མཚོན་པར་གནང་ཞིང་། ཞི་ཅིན་ཕིང་གིས་འདི་ལོ་ཟླ་3པར་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་འཚམས་འདྲི་གནང་ནས་ང་དང་ཁོང་དབར་ལོ་རྒྱུས་རང་བཞིན་གྱི་ཞལ་འཛོམས་བྱུང་བ་མ་ཟད། གཟའ་འཁོར་གོང་མར་ཏ་ལེན་དུ་ང་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཞལ་འཛོམས་བྱུང་ནས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་འབྲེལ་ལམ་ཟབ་ཏུ་བཏང་སྟེ་དུས་རབས་གསར་པར་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་གོང་འཕེལ་ཡོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ད་རེས་ཁྲའོ་ཞན་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཨུ་ཡོན་ཀྲང་ཐུན་མོང་ལས་གྲུབ་པའི་ཀྲུང་གོར་ཡོང་བའི་འཚམས་འདྲི་ཚོགས་པ་ནི་ང་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཞལ་འཛོམས་ཐེངས་གཉིས་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་གྱི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ་ཏང་གཉིས་དབར་སྤེལ་བའི་འགྲོ་འོང་གལ་ཆེན་ཞིག་ཀྱང་ཡིན་པ་དེ་ཐོག་ནས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་དབར་སྤེལ་རེས་བྱ་རྒྱུ་དཔྱད་གཞིར་འཛིན་པ་དང་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་མཐོང་ཆེན་གནང་བ་མཚོན་ཡོད། ཕྱོགས་གཉིས་པོས་ད་རེས་ཀྱི་འཚམས་འདྲི་དེ་གོ་སྐབས་སུ་བྱས་ནས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།
             ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། ང་ཚོས་ལྷོ་བྱང་གི་འབྲེལ་བ་ལེགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཁྲའོ་ཞན་དང་ཨ་རིའི་དབར་གྱི་གྲོས་མོལ་ལ་སྐུལ་མ་གཏོང་བ། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་བཟོ་བ། ཁྲའོ་ཞན་གྱི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་ཁྲའོ་ཞན་ཕྱོགས་དང་ཏང་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་སྔར་བས་ཆེ་བ་ཡོང་རྒྱུར་སྐུལ་མ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།