མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་ཀྲུང་གོར་ཕེབས་ནས་མར་ཁེ་སི་སྐུ་འཁྲུངས་
ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་བགྲོ་གླེང་ཚོགས་འདུར་ཞུགས་པར་རྟེན་
འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་གཉེར་བ་དང་རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་ཞུགས་པའི་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་དེ་ཧྲེན་ཀྲེན་དུ་འཚོགས་འགོ་ཚུགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས། མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པའི་དུས་འདིར། ངས་ཀྲུང་གོ་གུང་ཁྲན་ཏང་གི་ཚབ་ཞུ་རྒྱུ་དང་འབྲེལ་ང་མི་སྒེར་གྱི་མིང་ཐོག་ནས་ཚོགས་འདུ་འཚོགས་པར་ལྷག་བསམ་ཟོལ་མེད་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་གི་འགོ་ཁྲིད་པ་དང་བློ་མཐུན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུའང་ཞུ་རྒྱུ་ཡིན་ཞེས་གསུངས།