མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་དོ་དམ་བྱེད་སྟངས་སྒྱུར་བཅོས་དང་གསར་གཏོད་བྱས་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་བྱ་ཐབས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་བཀོད་སྒྲིག་གནང་བ། ངོ་སྤྲོད་ཡི་ གེའི་དོན་ཚན་སྣ་ཚོགས་ཕྱོགས་ཡོངས་ནས་མེད་པར་བཟོས་ནས་མང་ཚོཌ་དང་ཁེ་ལས་ཀྱི་ལས་དོན་སྒྲུབ་དཀའ་བའི་དཀའ་གནད་ དེ་བས་མང་བ་སེལ་རྒྱུའི་གཏན་འབེབས་གནང་བ། སྤྱི་ཚོགས་ཡིད་རྟོན་མ་ལག་གི་བྱ་ཐབས་སྔར་བས་སྐྲུན་པ་དང་འཐུས་སྒོ་ཚང་ དུ་བཏང་ནས་ཁ་དན་ཚིག་གནས་ལ་བརྟེན་ཏེ་རང་ཚུགས་ལས་དར་ཡོང་རྒྱུའི་གཏན་འཁེལ་གནང་བ།
          ཟླ་6ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་དོ་དམ་བྱེད་སྟངས་སྒྱུར་བཅོས་དང་གསར་གཏོད་བྱས་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་བྱ་ཐབས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་བཀོད་སྒྲིག་གནང་བ་དང་། ངོ་སྤྲོད་ཡི་གེའི་དོན་ཚན་སྣ་ཚོགས་ཕྱོགས་ཡོངས་ནས་མེད་པར་བཟོས་ནས་མང་ཚོགས་དང་ཁེ་ལས་ཀྱིས་ལས་དོན་སྒྲུབ་དཀའ་བའི་དཀའ་གནད་དེ་བས་མང་བ་སེལ་རྒྱུའི་གཏན་འབེབས་གནང་བ། སྤྱི་ཚོགས་ཡིད་རྟོན་མ་ལག་གི་བྱ་ཐབས་སྔར་བས་སྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁ་དན་ཚིག་གནས་ལ་བརྟེན་ཏེ་རང་ཚུགས་ལས་དར་ཡོང་བ་བྱ་རྒྱུའི་གཏན་འཁེལ་གནང་བ་རེད།
          ཚོགས་འདུའི་ཐོག་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གྱི་བླང་བྱ་དོན་འཁྱོལ་བྱས་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱ་ཐབས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་ཐོག་འདེམས་པ་དང་། ཁྲིམས་འཛིན་ཞིབ་བཤེར་མི་སྣ་སྐབས་བསྟུན་ཐོག་འདེམས་མངག་བྱེད་པ། ཟུར་བཤེར་གནས་ཚུལ་དང་དེ་བཞིན་ཞིབ་བཤེར་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་པ་བཅས་ནི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གཉེར་ཚོང་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དེ་ཡང་གཅིག་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་རྒྱུན་གཏན་ཞིབ་བཤེར་གྱི“སྐབས་བསྟུན་གཉིས”ཀྱི་བྱ་ཐབས་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ་ཞིབ་བཤེར་བྱས་འབྲས་ཚང་མ་ཡོངས་བསྒྲགས་བྱེད་དགོས། ཐེར་འདོན་གོང་ཞུ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་ནམ་གཙོ་གནད་ཞིབ་བཤེར་བྱེད་དགོས་རིགས་ཀྱང་གོ་རིམ་ཚད་ལྡན་ནན་པོ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལམ་ལུགས་དང་བརྒྱུད་རིམ་གཅིག་གྱུར་བཟོས་ནས་ཁྲོམ་ར་སྣ་ཚོགས་ཀྱི་ལྟ་སྡོམ་ལས་སྟེགས་བསྡུ་སྒྲིལ་བྱེད་དགོས་པ། གསུམ་ནས་སྡེ་ཚན་སྒྲོལ་བའི་ཕྱོགས་བསྡུས་ཁྲིམས་འཛིན་དང་མཉམ་འབྲེལ་ལྟ་སྡོམ་ལ་སྐུལ་འདེད་བཏང་ནས་སྣ་མང་དང་རིམ་པ་མང་བའི་ཁྲིམས་འཛིན་བསྐྱར་ཟློས་བྱེད་ཉུང་དུ་གཏོང་དགོས་པ། བཞི་ནས་གཞི་རིམ་གྱི་ཁྲིམས་འཛིན་ནུས་པ་ཆེ་རུ་བཏང་སྟེ་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་དང་འགན་འཁྲི་མེད་པ་བཟོ་བའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲོམ་ར་དྲང་གཞག་དང་ལས་ཕྱོད་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་ལྟ་སྐུལ་དོ་དམ་གསར་གཏོད་བྱ་ཐབས་ཁྱབ་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། ཚོགས་འདུའི་ཐོག་ཁེ་ལས་དང་མང་ཚོགས་ཀྱི་རེ་འབོད་དང་བསྟུན་ནས་ངོ་སྤྲོད་ཡི་གེའི་དོན་ཚན་སྣ་ཚོགས་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པ་སྟེ། གཅིག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སོགས་སུ་གཏན་འཁེལ་བྱས་པའི་ངོ་སྤྲོད་ཡི་གེའི་དོན་ཚན་དག་ཐད་ཀར་མེད་པ་བཟོ་ཆོག་རིགས་འཕྲལ་དུ་ལག་བསྟར་བྱེད་མཚམས་འཇོག་དགོས་པ་དང་ཆབས་ཅིག་སྒྲིག་སྲོལ་དང་ཡིག་ཆ་དུས་ཚོད་དམ་འཛིན་གྱིས་བཟོ་བཅོས་རྒྱག་པའམ་ཡང་ན་མེད་པར་བཟོ་དགོས། 
          ལོ་མཇུག་གོང་ཨར་ལས་ཕྱོགས་བསྡུས་ལག་ཁྱེར་རེ་ཞུ་བྱེད་སྐབས་མཁོ་འདོན་བྱེད་དགོས་པའི་མ་དངུལ་དམིགས་སར་འབྱོར་བའི་ངོ་སྤྲོད་ཡི་གེ་སོགས་ངོ་སྤྲོད་ཡི་གེའི་དོན་ཚན་ཁག་གཅིག་སྔོན་ལ་མེད་པ་བཟོ་དགོས་པ་དང་། གཉིས་ནས་བཅའ་ཁྲིམས་ཁྲིམས་སྲོལ་ནང་གཏན་འབེབས་ཡོད་མོད། འོན་ཀྱང་ཁྲིམས་བཀོད་ལག་ཁྱེར་དང་། ཡིག་ཐོག་གསལ་བཤད་ཁས་ལེན། སྲིད་གཞུང་སྡེ་ཚན་དབར་ཞིབ་བསྡུར་སོགས་བརྒྱུད་ཚུད་པའམ་ཡང་ན་ཚབ་བྱེད་ཆོག་པའི་ངོ་སྤྲོད་ཡི་གེའི་དོན་ཚན་རིགས་བཟོ་བཅོས་རྒྱུག་རྒྱུར་རེ་ཞུ་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་ཡིད་རྟོན་མ་ལག་ལ་བརྟེན་ནས་མེད་པར་བཟོ་དགོས་པ། གསུམ་ནས་ས་གནས་ཁག་གིས་གཏན་འཁེལ་བྱས་པའི་ངོ་སྤྲོད་ཡི་ གེའི་དོན་ཚན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱེད་པ་ཕུད། ཕྱི་ཤོས་སུ་ལོ་མཇུག་གོང་མེད་པར་བཟོ་དགོས་པ། བཞི་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་མེད་པ་བཟོ་བ་དང་རང་སོར་འཇོག་པའི་ངོ་སྤྲོད་ཡི་གེའི་དོན་ཚན་གྱི་གསལ་ཐོ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ་རང་སོར་འཇོག་དགོས་རིགས་ལ་དོན་ཚན་རེ་རེ་བཞིན་གཏན་འཁེལ་གྱི་གཞི་འཛིན་ས་དང་ལས་གཉེར་གྱི་ཕྱོགས་སྟོན་སོགས་ཁ་གསལ་བཟོ་དགོས། གསལ་ཐོ་ཕུད། སྲིད་གཞུང་སྡེ་ཚན་དང་། སྤྱི་སྤྱོད་བྱ་གཞག་ཚན་པ། ཞབས་ཞུའི་སྒྲིག་གཞི་བཅས་ཀྱིས་ངོ་སྤྲོད་ཡི་གེ་ལེན་མི་ཆོག་པ་བཅས་རེད།