མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་
རྟགས”ཐོག་མ་དེ་སྤྲོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་09ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།རང་རྒྱལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་
རྟགས”ཐོག་མ་དེ་སྤྲོད་རྒྱུ་ཡིན་པ།

          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཐོག་མ་དེ་རིང་ཕྱི་དྲོ་སྤྲོད་རྒྱུ་རེད་འདུག
          《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅའ་ཁྲིམས་》གཞིར་བཟུང་། རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་བཟོས་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་མ་གཏོང་བ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་ཕྱི་རྒྱལ་བར་སྤྲོད་རྒྱུ་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་དེ་རེད།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་བཟོས་པའི་དམིགས་ཡུལ་ནི་ཀྲུང་ཕྱིའི་མཛའ་གྲོགས་ཀྱི་མིག་དཔེ་བཏོད་དེ་འཛམ་གླིང་ལ་མཛའ་གྲོགས་ཞི་མཐུན་དང་དྲང་སྙོམས་དྲང་བདེན་སོགས་གཞི་རྩའི་འདུ་ཤེས་བརྒྱུད་སྤྲོད་བྱས་ནས་འཛམ་གླིང་གིས་ཀྲུང་གོར་རྒྱུས་མངའ་ལོན་ཚད་ཆེ་རུ་གཏོང་བའི་ཆེད་དུ་རེད།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཀྱི་ཚོས་གཞི་གཙོ་བོ་གསེར་མདོག་དང་ནམ་མཁའ་མདོག་ཡིན་ཞིང་། ཞི་བདེའི་ཕུག་རོན་དང་། སའི་གོ་ལ། ལག་པ་གཏོང་བ། པད་མ་སོགས་ཀྱི་དབྱིབས་ཡིན་པ། གཟེངས་རྟགས་ཀྱི་ཐག་པར་བཀྲ་ཤིས་མདུད་པ་དང་། རྟག་ལྗང་། མེ་ཏོག་པདྨ། སྣ་མའི་མེ་ཏོག་སོགས་ཀྱི་བཟོ་ལྟ་བཏང་ཡོད། གཟེངས་རྟགས་ཧྲིལ་པོར་མེ་ཏོག་གི་ཟེ་བས་བརྒྱན་པ་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྤྱད་དེ་བཟོས་ཡོད། ཇུས་གཞི་འདི་ལྟར་བཀོད་པ་ལས་ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་གྲོགས་དང་མཐུན་སྒྲིལ་ཟབ་པ་དང་མཛའ་གྲོགས་ནམ་ཡང་གནས་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་མཚོན་གྱི་ཡོད།
      ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཐོག་མ་དེ་སྤྲོད་རྒྱུ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་བརྙན་འཕྲིན་ནས་ཐད་གཏོང་བྱ་རྒྱུ་རེད།