མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དཀར་ཆུའི་ལས་རིགས་དར་རྒྱས་ལ་སྐུལ་འདེད་བཏང་ནས་
དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དཀར་ཆུའི་ལས་རིགས་དར་རྒྱས་ལ་སྐུལ་འདེད་བཏང་ནས་དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱ་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ནས་དཀར་ཆུའི་ལས་རིགས་མགྱོགས་མྱུར་དར་རྒྱས་ཡོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལས་དོན་ལ་འགན་ལེན་བྱས་ཡོད།
           《བསམ་འཆར་》ནང་བསྟན་དོན། 2020ལོར་སླེབས་སྐབས་དཀར་ཆུའི་ལས་རིགས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་དཀར་ཆུའི་ལས་རིགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་དང་། བཞོན་མ་མགོ་གྲངས་100ཡན་གྱི་གཞི་ཁྱོན་ལོན་པའི་གསོ་ཚགས་བསྡུར་ཚད་65%ལྷག་ཙམ་དང་འོ་མའི་འབྱུང་ཁུངས་ཀྱི་རང་མཁོ་རང་སྤྲོད་བྱེད་ཚད་70%ཡན་རྒྱུན་འཁྱོངས་ཐུབ་པ། ཕྲུ་གུ་དམར་འབྱར་དང་བྱིས་པའི་སྦྱོར་སྡེའི་འོ་རྩམ་གྱི་སྤུས་ཚད་དང་། འགྲན་ནུས། མཚན་སྙན་བཅས་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ་པ་མ་ཟད། དཀར་ཆུའི་ཐོན་རྫས་ཀྱི་མཁོ་སྤྲོད་དང་འཛད་སྤྱོད་པའི་དགོས་མཁོ་སྔར་བས་འཚམ་མཐུན་ཡོང་བ། དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་འཛད་སྤྱོད་ཀྱི་ཡིད་ཆེས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། 2025ལོར་སླེབས་སྐབས་དཀར་ཆུའི་ལས་རིགས་ཕྱོགས་ཡོངས་ནས་དར་རྒྱས་དང་། འོ་མའི་འབྱུང་ཁུངས་ཀྱི་རྟེན་གཞི་དང་། ཐོན་རྫས་ལས་སྣོན། དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད། ཐོན་ལས་འགྲན་རྩོད་ནུས་པ་བཅས་སྤྱི་ཡོངས་ཀྱི་ཆུ་ཚད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱེད་དགོས་པ་བཅས་རེད།