མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི་《"ཧྲང་ཧའེ་ཡི་སྙིང་སྟོབས"དར་སྤེལ་བཏང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས་》
ཞེས་པའི་དེབ་རྐྱང་མ་དཔེ་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2018ལོའི་ཟླ་6ཚེས་10ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་གནང་བའི་གསུང་བཤད་《“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས་》ཞེས་པའི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་ཚེས་12ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་ནས་འགྲེམས་སྤེལ་བྱ་རྒྱུ་རེད།