མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་ལ་མིག་སྔར་ཏང་ཡོན་ཁྲི་8956.4དང་གཞི་རིམ་ཏང་རྩ་
འཛུགས་ཁྲི་457.2ཡོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་རྩ་འཛུགས་པུས་ཏང་ནང་ཁུལ་གྱི་བསྡོམས་རྩིས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་དོན། 2017ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་ལ་ཏང་ཡོན་བསྡོམས་ཁྲི་8956.4ཡོད་པ་དེ་ན་ནིང་ལས་ཏང་ཡོན་ཁྲི་11.7དངོས་འཕར་བྱུང་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི་457.2ཡོད་པ་དེ་ལོ་གོང་མ་ལས་ཁྲི་5.3མང་དུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། དུས་བབ་གསར་པའི་འོག་གི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱས་པས། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཡོད།
         ཏང་ཡོན་གྱི་སྤྱི་འབོར་བརྟན་པོའི་ཁྲོད་འཕར་བ་དང་ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་སོང་ཡོད། 2013ལོར་ཏང་ཡོན་འཕེལ་རྒྱས་ཀྱི་སྤྱི་འབོར་སྙོམས་སྒྲིག་ལག་བསྟར་བྱས་ཚུན་ཏང་ཡོན་གྱི་སྤྱི་འབོར་ལོར་ཆ་སྙོམས་དངོས་འཕར་བྱུང་ཚད་1.5%ནང་ཚུན་དུ་ཚོད་འཛིན་བྱུང་ཡོད། 
          2017ལོར་རྒྱལ་ཡོངས་སུ་ཏང་ཡོན་ཁྲི་198.2འཕེལ་རྒྱས་བཏང་བ་དེ་ལོ་གོང་མ་ལས་ཁྲི་7.1མང་དུ་ཕྱིན་ཡོད། དེའི་ཁྲོད་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོར་ཏང་ཡོན་ཁྲི་100.6ཡོད་པ་དེས་50.8%བཟུང་བ་དང་། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་86.0ཟིན་པ་དེས་43.4%བཟུང་བ། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་161.3ཟིན་པ་དེས་81.4%བཟུང་ཡོད། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་ཡོད། ཏང་ཡོན་དཔུང་ཁག་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་4328.6ཟིན་པ་དེས་48.3%བཟུང་བ་དང་། བུད་མེད་ཏང་ཡོན་ཁྲི་2388.8ཟིན་པ་དེས་26.7%བཟུང་བ། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་651.4ཟིན་པ་དེས་7.3%བཟུང་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་གི་བྱང་ཚད་སྔར་བས་ལེགས་སུ་སོང་བ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་54.4ཡི་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་གྱིས་17.4%བཟུང་ཡོད། དེའི་ཁྲོད་ཕྱུག་འགྱུར་སྣེ་ཁྲིད་པས་46.1%དང་། ཕྱིར་ལས་ཀར་བསྐྱོད་ནས་ཕ་ཡུལ་དུ་ལོག་པའི་མིས་6.8% གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་ཀྱི་འགན་འཁུར་བས་9.9% སློབ་ཆེན་ཐོན་པའི་གྲོང་དཔོན་གྱིས་0.5%བཅས་བཟུང་ཡོད། སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་9.9ཡི་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་གྱིས་59.9%བཟུང་ཡོད།