མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡོ་རོབ་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ཉམས་མྱོང་ལ་རྒྱུས་མངའ་སྔར་ལྷག་པ་ཡོང་བ་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          —— འཇར་མན་གྱི་ཀྲུང་གོའི་གནད་དོན་ཞིབ་འཇུག་མཁས་དབང་དང་ཆབ་སྲིད་རིག་པའི་མཁས་དབང་ཨའོ་ཕུའུ་ལ་མུའུ་·ཨ་ཏུའོ་ཧྥེ་ལ་བཅར་འདྲི་བྱས་པ།           
        མི་དམངས་དྲ་བའི་འཕྲིན། 1978ལོའི་དཔྱིད་ཀར་ཨའོ་ཕུའུ་ལ་མུའུ་·ཨ་ཏུའོ་ཧྥེ་ཀྲུང་གོར་བཅའ་སྡོད་འཇར་མན་ཤར་མའི་གཞུང་ཚབ་ཆེ་མོ་ཁང་གི་དངོས་སྦྱོང་སློབ་མའི་མིང་ཐོག་ནས་ཀྲུང་གོར་ཐོག་མར་ཡོང་བ་དང་། དེ་ནས་མི་རིང་བར་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེའི་མཐོ་རླབས་འཕྱུར་བ་རེད། ཀྲུང་གོར་ཐོག་མར་སླེབས་སྐབས་ཨ་ཏུའོ་ཧྥེ་ཟླ་བ་ཁ་ཤས་ལས་བསྡད་མེད་པ་དང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་ཨ་ཏུའོ་ཧྥེ་ཡང་བསྐྱར་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་བའི་སྐབས། ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཅུ་ཡང་སོང་མེད་ནའང་། འཚོ་བའི་ཕྱི་དངོས་པོའི་འབྱོར་པ་ཙམ་མ་ཡིན་པར་མི་ཚང་མའི་རང་ཡིད་རང་ཆེས་དང་གཞན་དང་འགྲོ་འོང་བྱེད་འདོད་ཀྱི་བློ་ཚུད་པའི་ཀྲུང་གོ་བའི་བསམ་པའི་ཉམས་འགྱུར་ཐད་བྱུང་བའི་འཕོ་འགྱུར་ཆེན་པོར་ཧང་སངས་པར་གྱུར།
             འདི་ལོ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་། ཨ་ཏུའོ་ཧྥེས་རང་ཉིད་ཀྱིས་2007ལོར་བཏོན་པའི་བརྩམས་སྒྲུང་ཞིག་གསར་འགོད་པར་ཆེད་མངགས་སྤྲད་བྱུང་། བརྩམས་སྒྲུང་དེའི་ནང་། ཨ་ཏུའོ་ཧྥེས་རང་ཉིད་ལོ་ན་ཕྲ་བའི་དུས་ནན་ཅིང་ལ་སློབ་སྦྱོང་བྱས་པའི་མྱོང་བ་དང་ཟུང་འབྲེལ་ཐོག་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཅུ་འཁོར་བ་རྒྱབ་ལྗོངས་སུ་བྱས་ཏེ་འཇར་མན་ཤར་མའི་ཀྲུང་གོའི་གནད་དོན་ཞིབ་འཇུག་བྱེད་མཁན་བུད་མེད་མཁས་དབང་ཞིག་དང་ཀྲུང་གོའི་ལོ་རྒྱུས་རིག་པའི་མཁས་དབང་ཞིག་དབར་གྱི་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་ཅིག་བརྗོད་དེ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་བྱུང་བའི་འཕོ་འགྱུར་ཆེན་པོ་དང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་དང་འབྱུང་འགྱུར་སོགས་ཀྱི་བརྗིད་ཆེའི་བརྗོད་གཞི་ཆེན་པོ་མང་པོ་ཞིག་འཁོད་པར་ཡོད།
            འདི་ལོ་ནི་མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བ་དང་《གུང་ཁྲན་ཏང་གི་བསྒྲགས་གཏམ་》སྤེལ་ནས་ལོ་170འཁོར་བས། “ཀྲུང་གོ”དང“ཀྲུང་གོ་གུང་ཁྲན་ཏང”ཞེས་པའི་ཐ་སྙད་དེ་འཇར་མན་གྱི་གླེང་ཕྱོགས་ཁྲོད་ཐོན་མང་བར་གྱུར་ཞིང་། ཨ་ཏུའོ་ཧྥེས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་གྲངས་འབོར་དེ་འཇར་མན་གྱི་མི་འབོར་བསྡོམས་འབོར་ལས་བརྒལ་བ་མ་ཟད། ཏང་ཆེན་པོ་དེས་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ཙམ་ལ་འགོ་ཁྲིད་བྱེད་བཞིན་ཡོད། 《གུང་ཁྲན་ཏང་གི་བསྒྲགས་གཏམ་》དང་མར་ཁེ་སི་རིང་ལུགས་ལག་ལེན་བསྟར་བའི་ལོ་བརྒྱ་གྲངས་ལྷག་ནང་། རྒྱལ་ཁབ་ལ་ལར་ལམ་ལྷོངས་མ་བྱུང་བ་དང་། རྒྱལ་ཁབ་ལ་ལར་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ནི་གྲུབ་འབྲས་ཆེ་ཤོས་ཐོབ་མཁན་ཞིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་སྲིད་འཛིན་ཏང་དུ་གྱུར་ནས་མར་ཁེ་སི་རིང་ལུགས་ཀྱི་སྙིང་པོར་གོ་བ་དངོས་འབྲེལ་བླངས་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལག་ལེན་དུ་བསྟར་བ་ནི་འགག་རྩ་ཡིན་ཞེས་བཤད།
            མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བར་ནི“བརྒྱུད་རིམ་སྤྱིར་བཏང་ཞིག་མིན” ཨ་ཏུའོ་ཧྥེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པས། བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་འཕེལ་རྒྱས་བྱུང་བ་མཚོན་ཡོད། ཀྲུང་གོ་གུང་ཁྲན་ཏང་མིས་དུས་རབས་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་ལག་ལེན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་མཁས་པོ་བྱས་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་གསར་པ་ཞིག་གྲུབ་ཡོད་པའི་ངོས་འཛིན་བྱས།
            ཨ་ཏུའོ་ཧྥེས་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཀྲུང་གོས་མི་དུང་ཕྱུར་མང་པོའི“ལྟོ་གོས་མ་འཕྱིད་པའི”གནད་དོན་ཐག་གཅོད་བྱས་ཡོད། ད་ཆ་ཀྲུང་གོས་དབུལ་ཕོངས་རྒྱུན་ཆད་མེད་པར་ཉུང་དུ་གཏོང་བའི་དམིགས་ཚད་དང་འཆར་གཞི་བཀོད་དེ་2020ལོར་སླེབས་སྐབས་ད་ལྟ་སྤྱོད་མུས་ཀྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབཔ་་བྱས་ནས་རྦད་དེ་དབུལ་ཕོངས་གནས་ལས་སྒྲོལ་བ་བྱ་རྒྱུ་ཡིན་པ་རེད། “ཀྲུང་གོ་གུང་ཁྲན་ཏང་གིས་ཐག་གཅོད་བྱེད་པའི་གནད་དོན་གྱི་ཁེབས་རྒྱ་ཧ་ཅང་ཆེ་བས་ཡོ་རོབ་རྒྱལ་ཁབ་ཀྱིས་བསམ་ཚོད་བྱེད་ཐབས་བྲལ་ཡོད”ཅེས་ནན་བཤད་བྱས་ཤིང་། ཁོང་གིས་ཡོ་རོབ་བས་ཀྲུང་གོར་རྒྱུས་མངའ་ཡོང་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ཉམས་མྱོང་ལ་རྒྱུས་ལོན་བྱེད་བསམས་ན། བསྡུར་བ་བྱས་པ་ཙམ་གྱིས་ཤེས་རྟོགས་ག་ལ་ཐུབ། དུས་རབས་དང་རྒྱལ་ཁབ་ཀྱི་གནས་ཚུལ་གྱི་རྒྱབ་ལྗོངས་འོག་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་ཇི་ལྟར་བྱེད་ཚུལ་ལ་གཟབ་ནན་ངང་ཞིབ་འཇུག་བྱས་ཚེ། གཞི་ནས་འཛམ་གླིང་ཐོག་ཧ་ཅང་གལ་འགངས་ཆེ་བའི་སྲིད་སྐྱོང་ཏང་གི་གྲས་ཡིན་པ་དེས་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་འཛམ་གླིང་གི་དཀའ་རྙོག་རྒྱུན་ཆད་མེད་པར་སེལ་རྒྱུར་ཇུས་གཞི་ཇི་ལྟར་བཏོན་པའི་ཐད་ལྟ་སྟངས་ཡང་དག་དང་དྲང་པོ་ཞིག་བཟུང་ཐུབ་རྒྱུའི་ནན་བཤད་བྱས་ཡོད། འཇར་མན་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཧྥེང་ཞུའེ་ཅུན།