མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་ཡོན་ཁྲི་8900ལྷག་ཙམ་མཐོན་པོར་གཡོ་བའི་དར་ཆར་གྱུར་པར་བྱེད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་97འཁོར་བའི་མཚམས་འདིར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུས་ཏང་ནང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ཡོངས་བསྒྲགས་བྱས་པ་དང་། 2017ལོའི་ལོ་མཇུག་བར་ཏང་ཡོན་གྱི་སྤྱི་འབོར་ཁྲི་8956.4ཟིན་ཞིང་། ད་ཕན་འཛམ་གླིང་ཐོག་གི་སྲིད་ཏང་ཆེ་ཤོས་དེས་རང་ངོས་ཟམ་མི་ཆད་པར་སྒྱུར་བཅོས་བྱས་ཏེ་ལེའུ་གསར་པ་རྩོམ་བཞིན་ཡོད།
             ཉེ་བའི་ལོ་ཤས་རིང་། རང་རེའི་ཏང་གིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་ཏང་ཡོན་དཔུང་ཁག་གི་གཞི་ཁྱོན་འོས་འཚམ་རྒྱུན་འཁྱོངས་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།
             ཏང་ཡོན་ནི་ཏང་གི་ཕྲ་ཕུང་ལྟ་བུ་ཡིན་པ་དང་ཕྲ་ཕུང་ཚང་མར་སྐྱེ་སྟོབས་རྒྱས་པ་དང་ཏང་ཡོན་ཚང་མ་འགྱུར་མེད་སྟོབས་ལྡན་ཡིན་ཚེ། གཞི་ནས་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་ཐུབ། འགོ་འཛུགས་ས་གསར་པའི་ཐོག་ནས་ཏང་ཡོན་ཁྲི་8900ལྷག་ཙམ་གྱིས་དར་ཆ་མཐོན་པོར་སྒྲེང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། འགན་འཁྲི་བློ་ལ་བརྟེན་པོ་འཆང་བ། ནམ་ཡང་འབད་འཐབ་བཅས་བྱས་ཚེ་རང་རེའི་ཏང་ལ་ནམ་ཡང་གསོན་ཤུགས་འཕེལ་བ་དང་འཐབ་ནུས་ཆེན་པོ་ཡོང་བའི་འགན་ལེན་བྱེད་ཐུབ།
            དམར་མདངས་བཀྲ་བའི་དར་ཆ་མཐོན་པོར་བསྒྲེངས་ནས་གུང་ཁྲན་ཏང་ཡོན་ཚང་མའི་ཆབ་སྲིད་ཀྱི་ཚུགས་གནས་གོང་མཐོར་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། གུང་ཁྲན་ཏང་ཡོན་ཚང་མས་ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་བཀའ་བཀོད་དང་ལེན་ཞུ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་བརྟན་པོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
            དམར་མདངས་བཀྲ་བའི་དར་ཆ་མཐོན་པོར་བསྒྲེངས་ནས་གུང་ཁྲན་ཏང་ཡོན་ཚང་མའི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གུང་ཁྲན་ཏང་ཡོན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་ཕུགས་བསམ་དད་སེམས་བརྟན་པོ་འཛུགས་པ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཆེན་པོ་འཕེལ་བ་བྱས་ཏེ་ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་སྐུལ་འདེད་གཏོང་དགོས།
            དམར་མདངས་བཀྲ་བའི་དར་ཆ་མཐོན་པོར་བསྒྲེངས་ནས་གུང་ཁྲན་ཏང་ཡོན་ཚང་མས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་ནི་དལ་དལ་ལྷོད་ལྷོད་དང་རྔ་རྡུང་དར་འཕྱར་བྱས་ནས་མངོན་འགྱུར་ཡོང་བ་ཞིག་གཏན་ནས་མིན། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་མང་བ་དང་། ཉེ་འཁོར་གྱི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཚོར་བ་སྐྱེན་པ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་བཅས་ཡིན་པས་གུང་ཁྲན་ཏང་ཡོན་ཚང་མས་ལས་གནས་ལ་གཞི་ཚུགས་པ་དང་། འགན་འཁྲི་ཁུར་ཕོད་པ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་རྣམ་ཀུན་ནས་མཐོང་ཐུབ་པ་དང་། འགག་རྩའི་སྐབས་སུ་གདོང་མཆོང་བྱེད་ཕོད་པའི་གདོང་ལེན་དཔེ་བཟང་བ་ཞིག་བྱེད་པ་དང་། རང་སོ་སོའི་ལས་གནས་ཐོག་རང་འགན་གཙང་སྒྲུབ་དང་བྱས་རྗེས་འཇོག་ཐུབ་པ་བྱས་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་གཏོད་དགོས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཧུའེ།