མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་ཨ་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་
འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             མི་དམངས་དྲ་བའི་འཕྲིན།  ཟླ་7ཚེས་6ཉིན་ཕྱི་འབྲེལ་པུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཁྲེན་ཞའོ་ཏུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད།
          ཁྲེན་ཞའོ་ཏུང་གིས་ཟླ་7ཚེས་10ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁུ་ཝེ་ཐེའི་ཨེ་མར་ས་པ་ཧོ་དང་། པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་མཁན་ཨ་རབ་རྒྱལ་ཁབ་21གི་ཕྱི་འབྲེལ་པུའུ་ཀྲང་དང་དེ་བཞིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་བཅས་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་མཉམ་དུ་ཞུགས་རྒྱུ་དང་འབྲེལ་གསུང་བཤད་ཀྱང་གནང་རྒྱུ་རེད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་ལ་གལ་ཆེའི་སྲིད་ཇུས་མངོན་གསལ་དུ་གསུངས་ཐེངས་གསུམ་པ་ཡིན་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས།
         ཁྲེན་ཞའོ་ཏུང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་14སོང་ཚུན། དེའི་གཞི་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་སྡེབ་གླེང་མོལ་དང་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་ཡིན་པ་དང་དེ་ནི་སྐབས་དེའི་པུའུ་ཀྲང་ཚོགས་འདུའི་ནང་དོན་གཙོ་བོ་དང་། དོན་སྙིང་ཆེ་ཤོས། ཤུགས་རྐྱེན་ཟབ་ཤོས་བཅས་རེད་ཅེས་གསུངས་པ་རེད།