མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲེ་ཅང་ཨན་ཅི་ཧོང་ཏུའུ་གྲོང་ཚོའི་ཞིང་པ་ཏང་ཡོན་ཚོར་ས་ཁུལ་དབུལ་པོར་
ཇ་ལོ་དཀར་པོའི་ལྗང་པ་ཞལ་འདེབས་འབུལ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་08ཉིན། 11:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཧོང་ཏུའུ་གྲོང་ཚོའི་ཞིང་པ་ཏང་ཡོན་ཚོས་འཕྲིན་ཡིག་ཕུལ་ནས་ས་ཁུལ་དབུལ་པོར་ཇ་ལོ་དཀར་པོའི་ལྗང་པ་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས“ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་ཕྱུག་པོ་ཆགས་དུས་ཏང་གི་བཀའ་དྲིན་མི་བརྗེད་པ་བྱེད་དགོས”ཞེས་པའི་སྐད་ཆ་དུམ་བུ་དེ་ཧ་ཅང་ཡག་པོ་གསུངས་འདུག ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་ཏང་གི་བཀའ་དྲིན་མི་བརྗེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གི་ཆེད་དུ་སེམས་ཁྲལ་མཉམ་སེལ་དང་སྔོན་ལ་ཕྱུག་པོ་ཆགས་མཁན་ཚོས་རྗེས་སུ་ཕྱུག་པོ་ཆགས་འདོད་ཡོད་མཁན་ཚོར་རོགས་རམ་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
         འདི་ལོའི་ཟླ་4པར་ཧོང་ཏུའུ་གྲོང་ཚོའི་ཞིང་པ་ཏང་ཡོན་20ཡིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ཏེ་གྲོང་ཚོའི་ནང་ཇ་ལོ་དཀར་པོ་བཏབ་ནས་ཕྱུག་པོ་ཆགས་པའི་གནས་ཚུལ་སྙན་སེང་ཞུས་པ་དང་ཇ་ལོ་དཀར་པོའི་ལྗང་པ་ཁྲི་1500ཞལ་འདེབས་ཕུལ་ནས་ས་ཁུལ་དབུལ་པོའི་མང་ཚོགས་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་ཞུས་པ་རེད།
          ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་འཕྲལ་མར་དོན་འཁྱོལ་བྱས་པ་རེད།