མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་འབར་མའི་ཡི་གེའི་
པར་གཞིའི་པར་ཕུད་འགྲེམས་སྤེལ་དང་ཀྲུང་འབར་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བགྲོ་
གླེང་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དྲིལ་བསྒྲགས་པུས་མཉམ་དུ་གཙོ་གཉེར་བྱས་པའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་འབར་མའི་ཡི་གེའི་པར་གཞིའི་པར་ཕུད་འགྲེམས་སྤེལ་དང་ཀྲུང་འབར་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་འབར་མའི་རྒྱལ་ས་ནེ་པི་ཏུའུ་རུ་འཚོགས་ཤིང་། འབར་མ་མི་དམངས་ཡོན་གྱི་གྲོས་དཔོན་གཞོན་པ་ཐུན་ཐུན་ཧེང་དང་། མི་རིགས་ཡོན་གྱི་གྲོས་དཔོན་གཞོན་པ་ཨའེ་ཏཱ་ཨང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཕེ་མིང་། རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ཝུང་ཝུན་བཅས་དང་དེ་བཞིན་ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་ཐེངས་འདིའི་པར་ཕུད་འགྲེམས་སྤེལ་དང་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།
          ཕྱོགས་གཉིས་ཀྱི་སྐུ་མགྲོན་ཚོས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་འདིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་་ཀློག་པ་པོ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ངོས་འཛིན་དང་ཤེས་རྟོགས་བྱ་རྒྱུར་ཚད་ལྡན་ཡིག་ཆ་གལ་ཆེན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་རབས་ཀྲུང་གོར་ཤེས་རྟོགས་སྔར་བས་ཡག་པོ་བྱ་རྒྱུར་ལྡེ་མིག་ལྟ་བུ་ཞིག་མཁོ་འདོན་བྱས་ཡོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་བསྒྲུབས་དང་སྒྲུབ་བཞིན་པའི་བྱ་བ་ཡོད་དོ་ཅོག་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་པ། མིའི་རིགས་ལ་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་ཀྱི་ཆེད་ཡིན་པ་གཅིག་སྡུད་ཐོག་མངོན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་པོད་དང་པོའི་འབར་མའི་ཡི་གེའི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་ཐུབ་པ་འདིས་འབར་མ་མི་དམངས་ཀྱིས་ཀྲུང་གོར་ཤེས་རྟོགས་སྔར་བས་ཡག་པོ་ཐུབ་ཆེད་སྐར་ཁུང་གསར་པ་ཞིག་ཕྱེ་བ་དང་། ཀྲུང་འབར་མི་དམངས་དབར་གྱི་སྤུན་ཟླའི་མཛའ་བརྩེ་ཟབ་ཏུ་གཏོང་ཆེད་སྦྲེལ་ཟམ་གསར་པ་བསྐྲུན་པ། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་ཆེད་གཞི་རྟེན་གསར་པ་མཁོ་འདོན་བཅས་བྱས་ཡོད་ཅེས་བརྗོད་པ་རེད།
        ཕྱོགས་གཉིས་ཀྱི་སྐུ་མགྲོན་ཚོས། ཀྲུང་འབར་གཉིས་ནི་རི་ཆུ་འདབས་འབྲེལ་དང་ཤ་ཁྲག་གི་འབྲེལ་བ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་རང་བཞིན་དུ་བྱུང་བའི་ལས་དབང་གཅིག་མཐུན་འདུས་གྲུབ་གཅིག་ཀྱང་ཡིན། མིག་སྔར། ཀྲུང་འབར་རྒྱལ་ཁབ་གཉིས་ཀ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། རྒྱལ་ཁབ་གཉིས་དབར་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ་ནི། ཀྲུང་འབར་རྒྱལ་ཁབ་གཉིས་ཀ་སླད་ཕྱིན་གྱི་ལམ་བུའི་ཐོག་ཡག་པོ་སྐྱོད་ཐུབ་པ་དང་། རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པའི་བྱ་གཞག་ཡག་པོ་ཞིག་ཡིན་ཞེས་བརྗོད་པ་རེད།
        《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་པོད་དང་པོ་ནི་2014ལོའི་ཟླ་དགུ་པར་པར་སྐྲུན་དང་2018ལོའི་ཟླ་དང་པོར་ཡང་བསྐྱར་པར་སྐྲུན་བྱས་པར་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་མང་པོའི་དོ་སྣང་དང་གདེང་འཇོག་ཡག་པོ་རྒྱ་ཁྱབ་ཐོབ་ཡོད་པ་རེད། མིག་སྔར། དེབ་འདི་ཡིག་རིགས་24ལ་བསྒྱུར་ཡོད་པ་མ་ཟད་པར་གཞི་27དཔར་ནས་རྒྱལ་ཁབ་དང་ས་ཁུལ་160ལྷག་ལ་འགྲེམས་སྤེལ་བྱས་ཡོད་པ་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་པོད་དང་པོའི་འབར་མའི་ཡི་གེའི་པར་གཞི་ནི་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་ཁང་དང་འབར་མ་ཨེ་ཤེ་ཡའི་གྲགས་སྙན་སྨྱན་སྦྱོར་ཚོགས་པས་མཉམ་དུ་བསྒྱུར་ནས་དཔེ་སྐྲུན་བྱས་པ་ཞིག་ཡིན་ཞིང་། འདི་ནི་དེབ་འདི་ཡང་བསྐྱར་པར་སྐྲུན་བྱས་རྗེས་རྒྱལ་སྤྱིའི་དཔེ་སྐྲུན་མཉམ་ལས་བརྒྱུད་དེ་ལེགས་སྒྲུབ་བྱས་པའི་པར་གཞི་དང་པོ་དེ་ཡིན་པ་རེད།