མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁ་ཐར་གྱི་རྒྱལ་པོ་ཐ་སྨི་མུའུ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་བ་
བཙུགས་ནས་ལོ་30འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་7ཚེས་9ཉིན་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་པོ་ཐ་སྨི་མུའུ་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་གནང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོ་དང་ཁ་ཐར་གྱི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་30རིང་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་བརྟན་དུ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་བརྟན་པོ་ཡོང་བར་སྐུལ་མ་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་སོང་ཡོད། 2014ལོའི་ཟླ་11པར་ཁྱེད་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གྲུབ་འབྲས་ཐོབ་པའི་ངང་གནང་ནས་ང་ཚོས་མཉམ་དུ་ཀྲུང་གོ་དང་ཁ་ཐར་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པས་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། ངས་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ་ཁ་ཐར“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་བསྔགས་བརྗོད་བྱ་རྒྱུ་མ་ཟད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་30འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་རྒྱུར་སྐུལ་མ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
        ཐ་སྨི་མུའུ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་། ཁྱེད་ཀྱིས་ཁ་ཐར་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཡོང་བར་མཐོང་ཆེན་པོ་གནང་བར་ངས་འདིར་ཚད་མཐོའི་བསྔགས་བརྗོད་དང་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་འབྲེལ་བ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་སྐུལ་སྤེལ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ལ་སྐུལ་མ་གཏོང་འདོད་ཡོད། ཁ་ཐར་ཕྱོགས་ཀྱིས་མུ་མཐུད“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བར་བྱ་རྒྱུ་ཡིན་ཞེས་གསུངས།