མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབྲུབ་འགོག་ཉེན་སེལ་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་
གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7པ་ནས་བཟུང་རང་རྒྱལ་གྱི་ས་ཆ་མང་པོར་ཆར་པ་ཆེན་པོ་དང་དྲག་ཆར་བབས་ནས་འབྲི་ཆུར་ཆུ་ལོག་ཐེངས་གཉིས་ཐོན་པ་དང་། ཅ་ལིང་གཙང་པོའི་སྟོད་རྒྱུད་དང་། ཕུ་ཆུའི་སྟོད་རྒྱུད། ཐུའོ་ཅང་གཙང་པོའི་སྟོད་རྒྱུད་བཅས་སུ་ཆུ་ལོག་ཚབས་ཆེན་ཐོན་པ། རྒྱལ་མོ་རྔུལ་ཆུའི་དབུས་སྟོད་རྒྱུད་དུ་ཆུ་ལོག་ཆེན་པོ་ཐོན་པ། རྨ་ཆུར་ཆུ་ལོག་ཐེངས་གཅིག་ཐོན་པ། ཆུ་རྒྱུན་འབྲིང་ཆུང་ཁ་ཤས་སུ་ཉེན་ཟོན་ལས་བརྒལ་བའི་ཆུ་ལོག་ཐོན་པ་བཅས་རེད། འདི་ལོའི་ཟླ་7པའི་ཚེས་18ཉིན་བར་རང་རྒྱལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27ལ་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ནས་མི་ཁྲི་2053དང་ཞིང་ནང་སྐྱེ་དངོས་སྤྱི་ཆིང་སྟོང་1759ལ་གནོད་འཚེ་ཕོག་པ། གནོད་འཚེས་རྐྱེན་པས་མི་54ཤི་བ་དང་མི་8གར་སོང་ཆ་མེད་དུ་གྱུར་བ། ཁང་མིག་ཁྲི་2.3རྡིབ་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་516ཙམ་ཕོག་པ་བཅས་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འབྲུབ་འགོག་གནས་ཚུལ་ཐད་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཞིང་། ཉེ་དུས་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་པ་ཆེན་པོ་བབས་ནས་སི་ཁྲོན་དང་། ཧྲའན་ཤིས། ཀན་སུའུ་སོགས་ཀྱི་ཆུ་རྒྱུན་ཁ་ཤས་ཉེན་ཟོན་ལས་བརྒལ་བའི་ཆུ་ཁ་རྒྱས་པ་དང་ས་ཆ་ཁ་ཤས་ཀྱི་ཞོད་སྐྱོན་གནོད་འཚེ་ཚབས་ཆེ་ལ་ཁག་གཅིག་ཏུ་རི་ཉིལ་བ་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཡོད། ཞི་ཅིན་ཕིང་གིས་དེང་སྐབས་ཞོད་སྐྱོན་དང་རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེ་ཐོན་མང་བའི་དུས་ཚིགས་ཡིན་པས་འབྲེལ་ཡོད་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་བརྟན་པོ་བཙུགས་ནས་ཉེན་སྐྱོབ་གེགས་སེལ་ལས་དོན་སྤེལ་རྒྱུ་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་འཆི་རྨས་ཉུང་དུ་གཏོང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་འོས་འཚམ་བྱས་ཐོག་གནོད་འཚེའི་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། འཕྲལ་སྡོམ་ལས་རེས་བརྟན་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་སྔོན་ཇུས་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ་གེགས་ཚུལ་མགྱོགས་མྱུར་བཀོད་སྒྲིག་ཐུབ་པའི་འགན་ལེན་བྱེད་དགོས། གནམ་གཤིས་དང་། ཞོད་སྐྱོན། ས་གཤིས་གནོད་འཚེ་བཅས་ལྟ་ཞིབ་ཚད་འཇལ་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་རིགས་ཁག་གི་གཙོ་གནད་མངོན་མེད་རྐྱེན་ངན་གྱི་ས་ཁོངས་ལ་དམིགས་ནས་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ་རིགས་ཁག་གི་གནོད་འཚེ་དང་ཞོར་ཐོན་གནོད་འཚེ་ནན་འགོག་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། འཕྲལ་སྡོམ་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་ས་གནས་ལ་ཉེན་སྐྱོབ་གེགས་སེལ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         གནོད་འཚེ་ཕོག་པའི་ས་ཁུལ་དུ་འཕྲལ་སྡོམ་དང་ལེན་ཞུས་ཏེ་སྤྱི་འདོམས་འཆར་འགོད་དང་། བྱེད་ཐབས་ཞིབ་ཚགས། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ་བཅས་བྱས་ནས་ཉེན་ཁའི་གནས་ཚུལ་སྐོར་ཞིབ་དང་མྱུར་བཟོ་དང་། ཆུས་འཁྱེར་བའི་སྒྲིག་བཀོད་མྱུར་བཟོ་མྱུར་གཏོང་། མི་སྣ་གཞན་སྒྱུར་བཀོད་སྒྲིག་སོཌ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། འཕྲལ་སྡོམ་དོ་དམ་པུའུ་བཅས་ཀྱིས་ལས་དོན་ཚོགས་ཆུང་བཏང་ནས་འབྲུབ་འགོག་གི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ས་གནས་ལ་འབྲུབ་འགོག་དང་ཉེན་སྐྱོབ་གེཌ་སེལ་ལས་དོན་སྤེལ་རྒྱུར་ལྕག་སྐུལ་དང་མཛུབ་ཁྲིད་བྱས་པ་རེད།