མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་
མཁན་མུའུ་ཧན་མུའུ་ཏེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་23ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་གྱི་དགོང་མོ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མུའུ་ཏེའི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་རྒྱུད་འཛིན་མཁན་གྱི་གཟིམ་ཤག་ཏུ་སྐུ་མགྲོན་ལ་ཕེབས་པ་རེད། ཞི་ལྷོད་མཛའ་མཐུན་གྱི་རྣམ་པའི་ཁྲོད་ཕྱོགས་གཉིས་པོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་བ་རེད།
         ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲོ་བ་ཆེན་པོའི་ངང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་གྱི་རྨང་གཞི་བརྟན་པོ་ཡོད་ལ་ལོ་རྒྱུས་རིང་པོའི་ནང་དེ་བས་བརྟན་དུ་ཕྱིན་ཡོད། 2015ལོར་རྒྱལ་རྒྱུད་འཛིན་མཁན་རྒྱལ་སྲས་མཆོག་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས་ང་ཚོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཀོད་པས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་འགོ་ཚུགས་ཡོད། ད་ཐེངས་ང་རང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲིར་ཡོང་བ་བརྒྱུད་ང་ཚོ་ཕྱོགས་གཉིས་པོའི་དབར་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གསར་པ་བྱུང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རླབས་རྒྱུན་དང་བསྟུན་ནས་འཕེལ་རྒྱས་ཆེན་པོ་ཡོང་ངེས་ཡིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཕུགས་ཀྱི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་བཏིང་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲིར་ཕེབས་པར་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མུའུ་ཏེས་སླར་ཡང་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། འཛམ་གླིང་དབུས་ཤར་ས་ཁུལ་ཁྲོད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་རོགས་ཟླ་གལ་ཆེན་ཞིག་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ད་ཐེངས་འཚམས་འདྲིའི་བརྒྱུད་རིམ་ནང་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དག་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་གསུངས་པ་རེད།