མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

          ལི་ཁེ་ཆང་གནམ་གྲུ་ནས་བབས་མ་ཐག་ཐད་ཀར་ཉིང་ཁྲི་གྲོང་ཁྱེར་ཤེལ་དཀར་མོན་པ་གྲོང་ཚོར་ཕེབས་པ་རེད། ཁོང་གིས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་། གྲོང་མི་ཚོས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་འགྲོ་སྐྱོད་སྟབས་བདེ་བའི་སྡོད་ཁང་ཡག་པོ་ཞིག་ཏུ་སྡོད་རྒྱུ་བྱུང་ལ། ཡོང་འབབ་ཀྱང་དེ་སྔོན་ལས་མང་བ་འདུག་ཅེས་ལན་བཏབ། ལི་ཁེ་ཆང་གིས་དང་ཐོག་ཁོང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུའི་སྨོན་འདུན་ཞུས་པ་དང་། དེ་རྗེས་ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་དང་དམངས་ཕྱུག་བོད་དར་བྱེད་པའི་འགག་རྩ་ནི་འཕེལ་རྒྱས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་པ་བཅས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཁྲོད་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】