མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

           ལྷོ་ཁ་གྲོང་ཁྱེར་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཨར་ལས་བྱ་ཡུལ་དུ་ལི་ཁེ་ཆང་གིས་ལས་གྲྭའི་འཕེལ་རིམ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཁྲོན་བོད་བགྲོད་ལམ་ཆེན་པོ་དེ་བོད་ལྗོངས་ཀྱི་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ལ། བོད་ལྗོངས་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུར་ཡང་ཕན་པ་ཡོད་པས་གཏན་འཁེལ་བྱུང་ནས་སྒྲུབ་དགོས་པའི་བྱ་བ་དེ་ཁྱོན་ཡོངས་ནས་ལས་འགོ་བཙུགས་ཏེ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། མིག་སྔར་དབུས་ནུབ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་ཙམ་ཡོད་པས་ནུས་ལྡན་ངང་མ་འཇོག་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞན་ཆ་གསབ་ཚེ། ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད། ད་དུང་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་ཀྱང་གཅོག་ཐུབ། “ཞིང་ཆུ་ལེབ་གཏོང”ལྟ་བུའི་ངར་སྐུལ་ཆེན་པོ་མི་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་གནད་སྨིན་ཇུས་བསྟར་བྱས་ཏེ་དེང་ལ་ཕན་ལ་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས་ཞེས་གསུངས་པ་རེད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】