ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2018ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་དང་
སྦྲགས་འབྲེལ་ཡོད་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་22ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་2018ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཟླ་9ཚེས་3ནས་ཚེས་4ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད། ད་རེས་ཀྱི་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“མཉམ་ལས་གཉིས་ཁེ། དེ་བས་དམ་ཟབ་ཀྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་གཏོད”ཅེས་པ་ཡིན་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་དང་སྦྲགས་འབྲེལ་ཡོད་བྱེད་སྒོ་ཡང་སྤེལ་རྒྱུ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཁོངས་མིའི་འགོ་ཁྲིད་པ་གདན་ཞུས་ལྟར་ཚོགས་འདུར་ཞུགས་རྒྱུ། འབྲེལ་ཡོད་ཨ་ཧྥེ་རི་ཁ་ས་ཁུལ་གྱི་རྩ་འཛུགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྐུ་ཚབ་དབུ་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་བཅས་རེད།