ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཝེ་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་
ཧྲུའུ་ཅི་ཁྲེན་གོ་དབང་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་22ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

               མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི་ཁྲེན་གོ་དབང་དང་མཇལ་འཛོམས་གནང་བ་རེད།
               ཞི་ཅིན་ཕིང་གིས་ཁྲེན་གོ་དབང་ལ་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་རོན་ཧྥུའུ་ཀྲུང་དང་ཀྲུའུ་ཞི་བློ་མཐུན་ཁྲེན་ཏ་ཀོང་རྣམ་གཉིས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་གནང་རོགས་ཞུས་ཤིང་། ཞི་ཅིན་ཕིང་གིས། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས་གོ་སྐབས་དང་འགྲན་སློང་གསར་པ་འཕྲད་ཡོད། ན་ནིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཕན་ཚུན་འཚམས་འདྲི་ཐེངས་གཉིས་པ་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་གྲུབ་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་སྤྱིར་ན་ལེགས་པའི་འཕེལ་ཕྱོགས་སྔར་བས་བརྟན་པ་དང་ཀྲུང་ཝེ་མཛའ་གྲོགས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་འདོན་སྤེལ་ཐུབ་པར་ང་ཚོ་དགའ་འོས་པ་ཞིག་རེད། ང་ཚོས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཁ་ཤས་ཐད་འབྲེལ་གཏུག་ཟབ་མོ་དང་ཀྲུང་ཝེ་འབྲེལ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་གྱིས་ཀྲུང་ཝེ་འབྲེལ་བ་སྔར་བས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
             ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་ཞིང་། ལོ་10ཡི་རིང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་སོང་བ་མ་ཟད་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐའ་འཁྱོངས་བྱས་ཏེ་ཝེ་ཐེ་ནམ་དང་མཉམ་དུ“ཡིག་འབྲུ་བཅུ་དྲུག”གི་བྱེད་ཕྱོགས་དང“ཡག་པོ་བཞིའི”དགོངས་དོན་གྱི་མཛུབ་ཁྲིད་འོག་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་དུ་ཟམ་མི་ཆད་པར་མདུན་སྐྱོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཐབས་ལམ་མང་པོར་བརྟེན་ནས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་དང་སྲིད་ཇུས་ཀྱི་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་སྒྲུབ་མཉམ་ལས་མུ་མཐུད་བྱེད་ཟབ་ཏུ་གཏོང་དགོས། སྐད་ཆ་ཤོད་རེས་ཀྱི་གྲོས་མོལ་མཐའ་འཁྱོངས་བྱས་ཏེ་མི་མཐུན་པའི་ཆར་སྟངས་འཛིན་ནུས་ལྡན་གྱིས་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་ཐུན་མོང་གསར་སྤེལ་ཐད་སྔ་ས་ནས་ངོ་བོའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་ཕན་ཚུན་དབར་གྱི་སྙིང་ཉེ་བའི་མཛའ་གྲོགས་བརྩེ་སེམས་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
              ཞི་ཅིན་ཕིང་གིས། ཏང་གི་རང་ངོས་འཛུགས་སྐྱོང་ཐད་ཀྲུང་གོ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ལ་ཐུན་མོང་གི་སྐད་ཆ་མང་པོ་ཡོད། ང་ཚོས་ཝེ་ཐེ་ནམ་གུང་ཁྲན་ཏང་དང་མཉམ་དུ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རང་སོ་སོའི་སྲིད་སྐྱོང་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས།
           ཁྲེན་གོ་དབང་གིས་དང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཀྲུའུ་ཞི་ཁྲེན་ཏ་ཀོང་རྣམ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བློ་མཐུན་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་ཝེ་ཐེ་ནམ་ཕྱོགས་ཀྱིས་སྙིང་ཐག་པ་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་རླབས་ཆེན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་བླངས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་གདེང་འཇོག་ཆེན་པོའང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།