ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་ཆི་ཧྲན་གྱིས་སར་ཝ་ཏོལ་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་22ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཝང་ཆི་ཧྲན་གྱིས་སར་ཝ་ཏོལ་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིན་ཀྲུང་ནན་ཧའེ་རུ་སར་ཝ་ཏོལ་ཙུང་ཐུང་གི་ལས་ཚབ་ལས་འགན་སྒྲུབ་མཁན་དང་པོ་ཀང་ས་ལེ་སི་དང་། ཙུང་ཐུང་གི་ཁྲིམས་ལུགས་དྲུང་ཡིག་ཨར་ཝ་ལ་ཏའོ། ཕྱི་འབྲེལ་པུའུ་ཀྲང་ཐ་ནའེ་ཏཱ་བཅས་ལ་ཐུག་འཕྲད་གནང་བ་རེད།