མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་
ཐེངས་བཅུ་པ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་31ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།རྒྱལ་ཡོངས་ཀྱི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་
ཐེངས་བཅུ་པ་པེ་ཅིང་དུ་འཚོགས་པ།

             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཀྲའོ་ལེ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཤིས་ཚིག་གསུངས་པ་རེད། 
             མི་དམངས་ཚོགས་ཁང་ཆེ་མོའི་ནང་གློག་འོད་རབ་ཏུ་འཚེར་བ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། ཀྲུའུ་ཞི་སྡིངས་ཆའི་སྟེང་ངོས་སུ“རྒྱལ་ཡོངས་ཀྱི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི”ཚོགས་རྟགས་བཀལ་བ་དང་རྒྱབ་ངོས་ཀྱི་དབུས་སུ་གླིང་ཆེན་ལྔའི་ཕྱིར་སྡོད་སྤུན་ཟླའི་སེམས་པ་མེས་རྒྱལ་ལ་ཕྱོགས་པ་མཚོན་པའི་ཀྲུང་གོའི་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་མངོན་གསལ་ཧ་ཅང་དོད་པོ་ཡོད་ཅིང་། དེའི་གཞོགས་གཉིས་སུ་དར་དམར་10བསྒྲིགས་ཡོད་པ་རེད། ཐོག་སོ་གཉིས་པའི་ལྟ་སྟེགས་སུ“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མི་དང་ཕྱིར་སྡོད་སྤུན་ཟླར་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་ཆེན་པོ་ཞིག་བཀལ་ཡོད་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་1300ཙམ་དང་རྒྱལ་ཁབ་110ལྷག་ཙམ་ནས་ཡོང་བའི་ཕྱིར་སྡོད་སྤུན་ཟླའི་དམིགས་བསལ་གདན་ཞུའི་སྐུ་མགྲོན་700ཙམ་དགའ་སྤྲོའི་ངང་མཉམ་འཛོམས་བྱས་པ་རེད། 
          སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་པ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། 
           བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་རེད། 
           ཀྲའོ་ལེ་ཅིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་《དུས་རབས་གསར་པར་ཚུར་ལོག་ཕྱིར་སྡོད་རང་མིའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལེའུ་གསར་པ་རྩོམ་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་ཤིང་། ཁོང་གིས་དང་ཐོག་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་ཏེ་རྒྱ་ཆེའི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མི་དང་། ཕྱིར་སྡོད་སྤུན་ཟླ། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། 
           ཀྲའོ་ལེ་ཅིས་ཤིས་ཚིག་གསུང་སྐབས་རྒྱལ་ཡོངས་ཀྱི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་རིམ་ཁག་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྙིང་རུས་ཆེན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ཏེ་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པར་རྣམ་པ་གསར་པ་མངོན་ཡོད། རྒྱ་ཆེའི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མི་དང་ཕྱིར་སྡོད་སྤུན་ཟླས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པ་དང་། དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། ལེགས་སྐྱེས་ཧུར་ཐག་འབུལ་བ་བཅས་བྱས་ནས་རྒྱལ་གཅེས་དང་ཡུལ་གཅེས་ཀྱི་ལྷད་མེད་བརྩེ་སེམས་དང་། འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས། སྒོ་དབྱེ་གདེང་ཚོད་ཀྱི་རྒྱལ་སྤྱིའི་གཟུགས་བརྙན་བཅས་མཚོན་ཡོད་ཅེས་གསུངས་པ་རེད། 
            ཀྲའོ་ལེ་ཅིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་བཏོན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པའི་བརྗིད་ཆེའི་འཆར་འགོད་མངོན་འགྱུར་བྱ་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་དམིགས་ཚད་ཡིན་ལ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་གི་འགན་འཁྲིའང་རེད་ཅེས་གསུངས་པ་རེད། 
            ཀྲུང་ཧྭའི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་ཧོང་ཞའོ་ཝེས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་དབན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ཤིས་ཚིག་གསུངས་ཤིང་། ཤིས་ཚིག་ནང་མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ཚོགས་པའི་ལས་ཀའི་རྣམ་པ་གསར་པ་ཐུན་མོང་ཐོག་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་གནང་བ་རེད། 

༄༅།།རྒྱལ་ཡོངས་ཀྱི་ཚུར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་འཐུས་མི་ཚོགས་ཆེན་
ཐེངས་བཅུ་པ་པེ་ཅིང་དུ་འཚོགས་པ།