མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལྷོ་སུའུ་ཏན་གྱི་ཙུང་ཐུང་ཅི་ཨར་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལྷོ་སུའུ་ཏན་གྱི་ཙུང་ཐུང་ཅི་ཨར་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་སུའུ་ཏན་དབར་ཕྱི་འབྲེལ་བཙུགས་ཚུན། ཁྱབ་ཁོངས་ཁག་གི་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་སུའུ་ཏན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ལྷོ་སུའུ་ཏན་གྱི་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷོ་སུའུ་ཏན་གྱི་རྒྱལ་ཁབ་བརྟན་ལྷིང་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་སྔོན་ལ་འཇོག་པའི་ཁ་ཕྱོགས་སུ་བརྩིས་ནས་ལྷོ་སུའུ་ཏན་གྱི་ཕྱོགས་ཁག་གིས་ཕྱོགས་ཡོངས་ཀྱི་ཞི་བའི་གྲོས་མཐུན་འཇོག་རྒྱུར་དགའ་བསུ་ཞུ་རྒྱུ་དང་། སྔ་བར་ཕྱི་གསུམ་དུ་ལྷོ་སུའུ་ཏན་གྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ཕྱོགས་མང་ཁུལ་དུ་ལྷོ་སུའུ་ཏན་ཕྱོགས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་ཨ་ཧྥེ་རི་ཁའི་ས་ཁོངས་རྩ་འཛུགས་ཀྱི་ལྷོ་སུའུ་ཏན་གྱི་གནད་དོན་འདུམ་འགྲིག་ལམ་སྲོལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལྷོ་སུའུ་ཏན་ཕྱོགས་དང་མཉམ་དུ་རྨང་གཞི་སྒྲིག་བཀོད་དང་། ཞིང་ལས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ལྷོ་སུའུ་ཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཞུགས་རྒྱུར་སྐུལ་ལྕག་བྱེད་འདོད་ཡོད་ཅེས་གསུངས།
           ཅི་ཨར་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་མི་དབྱེ་བར་ཚང་མ་འདྲ་མཉམ་་མཐའ་འཁྱོངས་བྱེད་པ་དང་། རྒྱབ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་གདམ་གར་རྒྱབ་སྐྱོར་བྱས་པར་ལྷོ་སུའུ་ཏན་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཀྲུང་གོས་ལྷོ་སུའུ་ཏན་གྱི་རྒྱལ་ནང་ཞི་བདེའི་འཕེལ་རིམ་ལ་རོགས་སྐྱོར་བྱས་པ་དང་། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་ནུས་པ་གལ་ཆེན་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།