མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཙན་པི་ཡའི་ཙུང་ཐུང་ལུན་ཀུའུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཙན་པི་ཡའི་ཙུང་ཐུང་ལུན་ཀུའུ་དང་མཇལ་འཛོམས་གནང་བ་རེད།
      ཞི་ཅིན་ཕིང་གིས་ཙན་པི་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་དང་པོ་དེ་ཡིན་པས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཙན་པི་ཡར་དམིགས་བསལ་གྱི་མཛའ་གྲོགས་བརྩེ་སེམས་བཅངས་ཡོད་ཅེས་ནན་བཤད་གནང་བ་རེད།
       ལུན་ཀུའུ་ཡིས་ཙན་པི་ཡ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་ནི་ཙན་པི་ཡའི་རྒྱལ་ཁབ་གསར་འཛུགས་གནང་མཁན་ཙུང་ཐུང་ཁ་ཝུང་ཏ་དང་ཀྲུའུ་ཞི་མའོ་ཙེ་ཏུང་སོགས་རྒྱལ་ཁབ་གཉིས་པའི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་བཏོད་པ་དང་སྐྱེད་སྲིད་གནང་བ་ཞིག་རེད་ཅེས་བརྗོད་པ་རེད།