མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀ་པོན་གྱི་ཙུང་ཐུང་པང་ཀེ་དང་མཇལ་འཛོམས་གནང་བ་རེད།
      ཞི་ཅིན་ཕིང་གིས་2016ལོར་སྐུ་ཞབས་ཙུང་ཐུང་ཀྲུང་གོར་འཚམས་འདྲི་བདེ་བླག་བྱུང་ཡོད། ཀྲུང་གོ་དང་ཀ་པོན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ང་ཚོས་མཉམ་དུ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སྐྱོད་ཡོད། ཀྲུང་གོ་དང་ཀ་པོན་གྱི་འབྲེལ་བའི་ད་ལྟའི་གནས་བབ་ལ་ཀྲུང་གོ་ཕྱོགས་ཀྱིས་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད་ལ་རྒྱལ་ཁབ་གཉིས་པོའི་མཉམ་ལས་མདུན་ལམ་ལའང་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
      པང་ཀེས་ཀ་པོན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་མི་སེམས་སུ་བརྟན་པོ་ཟུག་ཡོད། ཀྲུང་གོས་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་ཀ་པོན་གྱིས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ཀ་པོན་གྱིས་བཟོ་ལས་ཅན་དང་དེང་རབས་ཅན་མངོན་འགྱུར་མགྱོགས་མྱུར་བྱེད་པའི་ཐད་ཀྲུང་གོས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།