མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀོ་ན་ཐེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོ་རི་ཐིའུ་སིའི་ཙུང་ལི་ཅ་ཀོ་ན་ཐེ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཟླ་གཅིག་ལྷག་ཙམ་གོང་། ངས་བདེ་བླག་ངང་མོ་རི་ཐིའུ་སིར་འཚམས་འདྲི་བྱེད་སྐབས་ཀྲུང་གོ་དང་མོ་རི་ཐིའུ་སིའི་མཛའ་མཐུན་མི་སེམས་ལ་བརྟན་པོ་ཟུག་ལ་མདུན་ལམ་ཆེན་པོ་ཡོད་པ་མྱོང་ཚོར་ཏན་ཏིག་ཐུབ་བྱུང་། ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་བྱེད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མུ་མཐུད་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་གཉིས་ཕན་མཉམ་ལས་ཧུར་ཐག་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མོ་རི་ཐིའུ་སིས་ནུས་པ་ཧུར་ཐག་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ། གླིང་ཕྲན་ཆུང་ངུའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།